e-texts navigator
Collection
Volume
Page
Wylie

313a1 སེམས་ཅན་ཐམས་ཅད་ཀྱང་མཚན་མ་མྱེད་པའི་ཡུལ་ཏེ། སངས་རྒྱས་ཀྱི་ཡུལ་ལོ།། དེ་བཞིན་དུ་མྱིག་གི་ཡུན་ནི་སྨོན་པ་མྱེད་པའི་ཡུལ་ལོ།། ། མངོན་པར་འདུ་བྱ་བ་མྱེད་པའི་ཡུལ་ལོ།། མ་སྐྱེས་པ་དང་མ་བྱུང་བའི་ཡུལ།
313a2 མ་བྱུང་བའི་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱི་ཡུལ་ལོ།། སེམས་ཅན་ཐམས་ཅད་ཀྱང་མ་བྱུང་བའི་ཡུལ་ཏེ། སངས་རྒྱས་ཀྱི་ཡུལ་ལོ།། དེ་བཞིན་དུ་ཡིད་ཀྱི་བར་གྱི་ཡུལ་ལ་སྦྱར་རོ།། བློ་གྲོས་རྒྱ་མཚོ་དེ་ལྟར་དགེ་སློང་ཡུལ་ཤིན
313a3 རྣམ་པར་དག་པ་ཡུལ་འཇུག་པ་འདིས། ལུས་དང་སེམས་ལས་སུ་རུང་བ་སྟེ། འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་རྫུ་འཕྲུལ་གི་རྐང་པ་སྒོམ་པས། རིང་པོ་མ་ཐོགས་པར་མངོན་པར་ཤེས་པ་ལྔ་བསྐྱེད་པར
313a4 གྱུར་ཏོ།། བག་ཡོད་པའི་གྱོད་པ་དེས་ཀྱང་དོན་དང་ངེས་པའི་ཚིག་ཐམས་ཅུད་སྡུད་པ་ཞེས་བྱ་བའི་གཟུངས་རབ་ཏུ་ཐོབ་བོ།། བློ་གྲོས་རྒྱ་མཚོ་དེའི་ཚེ་དེའི་དུས་ནལ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འབྱོར་ད་པ་སྤངས་ཏེ། བཅོམ
313a5 ལྡན་འདས་དེའི་བསྟནད་པ་ལ་རབ་ཏུ་བྱུང་ནས།། ཡུལ་ཤིན་ཏུ་རྣམ་པར།། དག་པ་ཞེས་བྱ་བའི་དགེ་སློང་དུ་གྱུརྡ་པ་དེ། གཞན་ཞིག་ཡིན་པ་སྙམ། དུ་ཁྱོད་དོགས་ཤི་བ་ཡིད་གཉིས་སུ་གྱུརང་ཏམ།། ཐེ་ཙོམ་ཟ་ན་ཁྱོད་ཀྱིས།
313a6 དེ་ལྟར་མྱི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་ཁྱོད་ཉིད་དེའི་ཚེ་དེ་འི་དུས་ན། དགེ་སློང་ཡུལ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བར་གྱུར་ཏོ།། བློ་གྲོས་རྒྱ་མཚོ་དེ་ནི་དེའི་དུས་ན། གང་དག་དགེ་སློང་རབ་ཏུ་བྱུང་བ་དེའི
313a7 རྗེས་སུ་རབ་ཏུ་བྱུང་བའི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར་གྱུར་པ་དེ་དག་གཞན་དག་ཅིག་ཡིན་པ་སྙམ་དུ་ཁྱོད་སེམས་ན། དེ་ལྟར་མྱི་ལྟ་སྟེ། ཆོས་མཉམ་པའི་ཕྱིར་གང་དག་ཁྱོད་ཀྱི་ཕྱི་བཞིན་འབྲང་བའི་བྱང་ཆུབ་སེམས་དང
313a8 འདི་དག་གོ།། བཅོམ་ལྡན་འདས་སྔོན་བྱུང་བའི་ལེའུ་འདི་བཤད་པ་ན། སྲོག་ཆགས་ཁྲི་བརྒྱད་སྟོང་གིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ནི་མྱི་སྐྱེ་བའི་ཆོས
313a9 བཟོད་པ་འཐོབ་པར་གྱུར་ཏོ།། སྔོན་བྱུང་བའི་ལེའུ་ཞེས་བྱ་སྟེ།། བཅུ་པའོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ




iiif viewer powered by OpenSeadragon

312b - 313b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo