| e-texts navigator |
| Wylie |
312b1 ཡུལ་འཁོར་གི་ཁ་མོ་སྙོམས་ཡོང་སུ་འཆལ་བར་འགྱུར་བའི་གདམས་ངག་རྗེས་སུ་བསྟནད་པ་བདག་ས་ཨཿས་ཏུ་གསོ་ཡང་།། སོ་གྲོས་རྒྱམམོ། དེ་སྐད་ཅེས་གསོ་སད་པ་དང་། བཅོམ་ལྡན་འདས་དེས་དགེ་སློང་ཡུལ་ཤིན་ཏུ་རྣམ
312b2 པར་དག་པ་འདི་སྐད་ཅེས་བཀའ་བ་སད་ཏོ།། དགེ་སློང་ཁྱོད་ཀྱི་མྱིང་ནི་ཡུལ་ཤིནང་ཏུ་རྣམ་པར་དག་པ་ཞེས་བྱའོ།། ཁྱོད་སོང་ལ་རང་གི་ཡུལ་ལ་རྣམ་པར་དག་པར་བྱ་བའི་ཕྱིར། བརྩོན་པར་གྱིས་ཤིག། རང་གི་ཡུལ་ལ་ཚུལ་བཞིན
312b3 ཀྱིས་སོ་སོར་རྟོགས་ཤིག། ཅི་ནས་ཀྱང་ཡུལ་དྲུག་པོ་དག་གི་ནང་ནས། ཆོས་གང་རྩོད་ལ་སྣང་བར་འགྱུར་བ་དེ་ཉིད་ཡང་དག་པ་ཇི་ལ་བ་བཞིན་དུ། ཡང་དག་པར་རྫོགས་པ་མཁོང་དུ་ཆུད་པས་བྱང་ཆུབ་ཐོབ་པར་འགྱུར་བ་དེ་ལན
312b4 སོ་སོར་རྟོགས་ཤིག། བྱང་ཆུབ་ལ་རིང་བའི་འདུ་ཤེས་མ་བྱེད་ཅིག། ཉེ་བའི་འདུ་ཤེས་ཀྱང་མ་བྱེད་ཅིག། བློ་གྲོས་རྒྱ་མཚོ་དེ་ནས་བཅོམ་ལྡན་འདས་དེས་དགེ་སློང་ཡུལ་ཤིན་ཏུ་རྣམ་པར་དག་པ་ལ་གདམ་ངག་འདིས་བཏམས་པ།
312b5 དང་། གཅིག་པུ་དབེན་པར་རྟུན་ཅིང་ཞེས་བཞིན་དང་། ལྡན་ལ་བག་ཡོད། པར་གནས་ཏེ། རང་གི་ཡུལ་ལ་ཡང་དག་པར་ཇི་ལྟ་བ་བཞིན་དུ་སོ་སོ། རྟོག་གོ།། དེའི་ཚུལ་བཞིན་གིས་སོ་སོར་རྟོག་པ་གང་ཞེ་ན། འདི་ལྟ
312b6 སྟེ། མྱིག་གི་ཡུལ་ནི་སྟོང་པ་ཉིད་ཀྱི་ཡུལ་ལོ།། སྟོང་པ་ཉིད་ཀྱི་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱི་ཡུལ་ལོ།། སེམས་ཅན་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་ཡུལ་ཏེ། སངས་རྒྱས་ཀྱི་ཡུལ་ལོ།། རྣ་བའི་ཡུལ
312b7 ནི་སྟོང་པ་ཉིད་ཀྱི་ཡུལ་ལོ།། སྟོང་པ་ཉིད་ཀྱི་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱི་ཡུལ་ལོ།། སེམས་ཅན་ཐམས་ཅད་ཀྱང་སྟོར་བ་ཉིད་ཀྱི་ཡུལ་ཏེ། སངས་རྒྱས་ཀྱི་ཡུལ་ལོ།། དེ་བཞིན་དུ་སཱ་དང་ལྡེ་དང་ལུས་དང་ཡིད་ཀྱི་ཡུལ་ནི་སྟོང་པ
312b8 ཉིད་ཀྱི་ཡུལ་ལོ།། སོང་པ་ཉིད་ཀྱི་ཡུལ་ནི། སེམས་ཅན་ཐམས་ཅད་ཀྱི་ཡུས་སོ།། སེམས་ཅན་ཐམས་ཅད་ཀྱང་ཐོབབ་ཉིད་ཀྱི་ཡུས་ཏེ། སངས་རྒྱས་ཀྱི་ཡུལ་ལོ།། བྱིག་གི་ཡུལ་ནི་མཚན་མ་བྱེད་པའི་ཡུས་རྫོ།། མཚམ་མ་མྱེད་པའི་ས
312b9 ནི། སེམས་ཅན་ཐམས་ཅད་ཀྱི་ཡུལ་ལོ།། སེམས་ཅན་ཐམས་ཅད་ཀྱང་མཚན་མ་མྱེད་པའི་ཡུལ་ཏེ། སངས་རྒྱས་ཀྱི་ཡུལ་ལོ།། ཡིད་ཀྱི་ཡུལ་ནི་མཚན་མ་མྱེད་པའི་ཡུལ་ལོ།། མཚན་མ་མྱེད་པའི་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱི་ཡུམ