e-texts navigator
Collection
Volume
Page
Wylie

312a1 པོ་འཐོབ་པ་དང་། ལུས་དང་སྲོག་ལ་མྱི་ལྟ་བས། དམ་པའི་ཆོས་ཡོངས་སུ་འཛིནད་པ་འཐོབ་པ་དང་། སེམས་རབ་ཏུ་སྦྱངས་པས་མངོན་པར་ཤེས་པ་ཆེན་པོ་འཐོབ་པ་དང་། སངས་རྒྱས་རྗེས་སུ་དྲན་པས།། སངས་རྒྱས།།
312a2 མཐོང་པ་འཐོབ་པ་དང་། ཚུལ་བཞིན་གིས་ཆོས་ལ་སོ་སོར་རྟོག་པས་མྱི་སྐྱེ་བའི་ཆོས་བཟོད་པ་ཐོབ་པ་འཐོབ་པ་དང་། ཡོན་ཏན་ཐམས་ཅད་ཡང་དག་པར་འཛིནད་པའི་གྱོད་པས། མྱུར་དུ་ཐམས་ཅད་མཁྱེན་པ་ཐོབ་པ་འཐོབ་པ་སྟེ། རྒྱལ་པོ།།
312a3 ཆེན་པོ་རབ་ཏུ་འབྱུང་བར་གཏོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་ཤུ་པོ་འདི་དག་རྙེད་དཀའ་བར་གྱི་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལྟ་བས་ན། ཁྱོད་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཤིག
312a4 བློ་གྲོས་རྒྱ་མཚོ་དེ་ནས་བཅོམ་ལྡན་འདས་དེས་རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་རབ་ཏུ་འབྱུང་བ་ཡང་དག་པར་འཛིན་དུ་བཅུག་པས། རྒྱལ་སྲིད་ཐམས་ཅད་སྤངས། རྒྱལ་སྲིད་ཀྱི་དཔལ་ཡང་སྤངས་སྟེ། ཁྱིམ་ན་གནས་པས
312a5 ཡིད་བྱུང་བས་སྒྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྤྱིག་བགོས་ནས།། བཙོ།། མ་ལྡན་འདས་དེའི་བསྟནད་པ་ལ། དད་པས་ཁྱིམ་ནས་ཁྱིམ་མྱེད་པར་རབ། ཏུ་བྱུང་ངོ་།། དེ་རབ་ཏུ་བྱུང་བར་རིག་ནས།། རྒྱལ་པོའི་བཙུན་མོའི
312a6 འཁོར་ཀྱང་རབ་ཏུ་བྱུང་ངོ་།། དེ་དག་རབ་ཏུ་བྱུང་བར་རིག་ནས་རྒྱལ་པོའི་བུ་མོའི་གཞོན་ནུ་རྣམས་ཀྱང་རབ་ཏུ་བྱུང་ངོ་།། དེ་དག་རབ་ཏུ་བྱུང་བར་རིག་ནས། རྒྱལ་པོའི་ཡུལ་ན་གནས་པའི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ
312a7 སྟོང་ཕྲག་དགུ་བཅུ་ཡང་རབ་ཏུ་འབྱུང་ངོ་།། དེ་ལྟར་དེ་དག་རབ་ཏུ་བྱུང་ནས། དགེ་བའི་ཆོས་ཡོངས་སུ་ཚོལ་བ་ལ་བཚོན་པས། བརྩོན་འགྲུས་བརྩམས་ཏེ་གནས་སོ།། བློ་གྲོས་རྒྱ་མཚོ་སེམས་ཅན་བསོད་ནམས་བྱས་པ་ཐམས
312a8 ཅད་ཀྱི་གནས་སུ་གྱུར་པས། ཇི་ཙམ་དུ་བཅོམ་ལྡན་འདས་དེའི་གསུང་རབ་མཛེས་པར་གྱུར་པ་ལ་ལྟོས།། བློ་གྲོས་རྒྱ་མཚོ་དེ་ནས་རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་དེ་ལྟར་རབ་ཏུ་བྱུང་ནས། བཅོམ་ལྡན་འདས་དེ་བཞིན
312a9 གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་དེ་ཀ་ལ་བ་དེར་སོང་སྟེ་ཕྱིན་ནས།། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་བདག་གར་ལ་བསྒྲུབ་པའི་སྙིང་པོར་བགྱིད་པར་གནས་ཤིང་། དོན་མཆིས་པ




iiif viewer powered by OpenSeadragon

311b - 312b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo