e-texts navigator
Collection
Volume
Page
Wylie

311b1 བློ་གྲོས་རྒྱ་མཚོ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་དེས། རྒྱལ་ཡུལ་ཤིན་ཏུ་རྣམ་པར་དག་པ་ལ་འདི་སྐད་ཅེས་བཀའ་ས་ལང་ངོ་།། རྒྱལ་པོ་ཆེམ་པོ་ཁྱོད་ཀྱིས་ཡོངས་སུ་ཀྱད་པའི་ཕྱིར། རྩུལ
311b2 སྲིད་ཐམས་ཅད་དེ་བཞིན་གཤེགས་པ་ལ་ཕུལ་ཟིན་ན། རྒྱལ་པོ་ཆེན་པོ་ཁྱོད་དད་པས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཁྱིམ་ནས་ཁྱིམ་མྱེད་པར་རབ་ཏུ་བྱུང་ཤིག། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ལེགས་པར་གསུངས་བཱི།
311b3 ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ནི་དོན་ཆེ་བ། ཕན་ཡོན་མེ་བ། རྒྱ་ཆེ་བའོ།། རྒྱལ་པོ་ཆེན་པོ་རབ་ཏུ་བྱུང་བར་གཏོགས་པའི་བྱང་ཆུབ་སེམས་དཔའི་འབོབ་པ་ཆེན་པོ་ནི་ཉི་ཤུ་པོ་འདི་དག་སྟེ། ཐམས་ཅད་མཁྱེནད་པ། བཱ་ན་མྱེད་པའི
311b4 འཐོབ་པ་ཡོངས་སུ་རྫོགས་པར་འགྱུར་བ་དག་གོ།། ཉི་ཤུ་པོ་གང་ཉེ་ན། འདི་ལྟ་སྟེ་རྒྱལ་སྲི་དང་། ལོངས་གྱོད་དང་། གཡོག་འཁོར་དང་། དབང་ཕྱུག་འདོར་བས་ངའི་བྱ་བ་མྱེད་ཅིང་ཡོངས་སུ་འཛིནད་པ་མྱེད
311b5 པ་འཐོབ་པ་དང་། ཁྱིམ་ནས་བྱུང་བ་ལ་གཞོལ་བས་ཉོན་མོངས་པ་ལས་འབྱུང་བ་འཐོབ་པ་དང་། ངུར་སྨྱིག་འཛིནད་པས་རྙོག་པ་མྱེདཔའི་སེམས་འཐོབ་པ་དང་། འཕགས་པའི་རིགས་ཆོག་ཤེས་པ
311b6 དགང་སླ་བ་དང་། གསོལ་སླ་མ་འཐོབ་པ་དང་། སྦྱངས་པའི་ཡོན་ཏན་བྱང་སྲུངས་པ་ཡང་དག་པར་ལེན་པས་འདོད་པ་ཆུང་བ་དང་། སྡིག་པ་འདོད་པ་སྤོང་བ་འཐོབ་པ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག
311b7 པས་ར་ལྦ་དང་ཕྱིར་སྐྱེ་བ་འཐོབ་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་འདོད་པས་པ་རོལ་ཏུ་ཕྱིནད་པ་དྲུག་འཐོབ་པ་དང་། དགོན་པ་དབེན་ལན་གནས་པས། འདུ་འཛི་དང་མྱི་འདྲེ་བ་འཐོབ་པ་དང་། གནོད་པ་མྱེད་པས་ཆོས་སེམས་པའི་བདེ་ལ།
311b8 ཐོབ་པ་དང་། བསམ་གཏན་གི་ཡན་ལག་ཡང་དག་པར་བསྒྲུབས། སེམས་ལས་སུ་རུང་བ་འཐོབ་པ་དང་། ཟོས་པ་ཡོངས་སུ་ཚོལ་བས། ཤེས་རབ་ཆེན་པོ་འཐོབ་པ་དང་། ང་རྒྱལ་མྱེད་པས་ཡེ་ཤེས་ཆེན་པོ་འཐོབ་པ་དང་། དོན་ཏུ
311b9 ཞིང་བྱེད་པ་ཉུང་བས་ཆོས་རབ་ཏུ་རྣམ་པར་འབྱེད་པ་འཐོབ་པ་དང་། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་པས། བྱམས་པ་ཆེན་པོ་འཐོབ་པ་དང་། སེམས་ཅན་ཐམས་ཅད་རབ་ཏུ་ཐ་དད་པར་བྱ་བའི་སེམས་ཀྱིས་སྙིང་རྗེ་ཆེན




iiif viewer powered by OpenSeadragon

311a - 312a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo