e-texts navigator
Collection
Volume
Page
Wylie

310b1 ལ་ཡང་ལྟ་ལ། བྱང་ཆུབ་ཀྱི་སེམས་ཀྱང་མྱི་འདོར་བ་ཡིན། སངས་རྒྱས་ཀྱི་ཡེ་ཤེས་ལ་འང་ལྟ་ལ། རང་གི་ཤེས་པས་ཀྱང་ཞུམ་པ་མྱེད་པ་རྣམས་ཡིན། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ལའང་ལྟ་ལ་ཇི་ལྟར་བོས
310b2 ཆོས་བསྟན་པས་ཀྱང་ཡོངས་སུ་མྱི་སྐྱོ་བ་རྣམས་ཡིན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་ཡང་ལྟ་ལ། ཚེ་དང་འཆི་འཕོ་བ་དང་། སྐྱེ་བ་ལ་ཡང་མྱི་སྨོད་པ་རྣམས་ཡིན་ཏེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས
310b3 དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་རྒྱང་རིང་དུ་ཡང་ལྟ་ཞིན་ཡང་མ་ཆད་པ་རྣམས་ཡིན་ནོ།། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། ཡུལ་ཡང་འབྱོར་དེ་ལ་བག་ཡོད་པ་ཡང་མྱི
310b4 འདོད་པ་རྣམས་ཡིན་ནོ།། བཞི་གང་ཞེ་ན། མྱི་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འཁོར་ལོས་སྒྱུར་བའི་རྒྱལ་པོར་ཡང་གྱུར་པ་ཡང་། འདུ་བྱེད་ལ་མྱི་རྟག་པར་སོ་སོར་རྟོག་པས། ཡུལ་འབྱོར་ད་ཀྱང་བཀ་མྱེད་པར་མྱི
310b5 འགྱུར་བ་རྣམས་ཡིན། ལྷ་ཡོངས་སུ་སྦྱིན་པར་བྱ་བའི་ཕྱིར། ལྷ་རྣམས་ཀྱི་དབང་པོ་རྒྱ་བྱིན་ཏུ་ཡང་གྱུར་པ་ལ། འདུ་བྱེད་ལ་སྡུག་བསྔལ་བར་སོ། སོར་རྟོག་པས། ཡུལ་འབྱོར་ཀྱང་བག་མྱེད་པར་མྱི་འགྱུར་བ་རྣམས
310b6 ཡིན། བདུད་གི་རིས་ཀྱི་ལྷ་ཡོངས་སུ་སྦྱིན་པར་བྱ་བའི་ཕྱིར། བདུད་ཉིད་དུ་ཡང་ཉེ་བར་སྟོན་ལ། ཆོས་ལ་བདག་མྱེད་པར་སོ་སོར་རྟོག་པས། ཡུལ་འབྱོར་དེ་ཀྱང་བག་མྱེད་པར་མྱི་འགྱུར་བ་རྣམས་ཡིན། ཚངས་རིས་ཀྱི
310b7 ལྷ་ཡོངས་སུ་སྦྱིན་པར་བྱ་བའི་ཕྱིར། ཚངས་པ་དབང་ཕྱུག་ཏུ་ཡང་གྱུར་ད་ལ། མྱ་ངན་ལས་འདས་པ་ལ་ཞི་བར་རྟོག་པས། ཡུལ་འབྱོར་དཀྱང་བག་བྱེད་པར་མྱི་འགྱུར་བ་རྣམས་ཡིན་ཏེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དང
310b8 ཆེན་པོ་ཆོས་བཞི་པོ་དེ་དང་ལྡན་པ། ཡུལ་འབྱོར་ཀྱང་བག་མྱེད་པར་གྱི་འདོར་བ་རྣམས་ཡིན་ནོ།། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔལ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། དོན་ཟབ་མོའི་ཚུལ་ལ་མྱི་སྐྲག་པ་རྣམས་ཡིན་ནོ།།
310b9 བཞི་གང་ཞེ་ན། ཡང་དག་པའི་དགེ་བའི་བཤེས་གཉེན་གང་དག་ཕྱི་རོལ་དུ་བྱེད་པར་རྒྱུན་ཏུ་སངས་རྒྱས་ཀྱི་བྱང་ཆུབ་ཟབ་མོ་འདི་ཡང་དག་པར་རབ་ཏུ་སྟོན་པ་ལ་སྟེན་པ་དང་། མདོ་སྡེ་ཟབ་མོ་ཚུལ་འདི་ལྟ་བུ་དེ་དག་མཉན་པའི་ཕྱིར་དཔག




iiif viewer powered by OpenSeadragon

310a - 311a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo