e-texts navigator
Collection
Volume
Page
Wylie

310a1 པ་རྣམས་ཡིན། སྙིང་རྗེ་ཆེན་པོ་ལ་རབ་ཏུ་གནས་ཤིང་། བྱམས་པ་ཆེན་པོ་ལ་གནས་པ་ཡིན་ནོ།། ཀོར་ནས་གོང་མའི་ཁྱད་པར་འདོད་པས་ཐེག་པ་ཆེན་པོ་ལ་མོས་པ་རྣམས་ཡིན་ཏེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས
310a2 དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། ཁྱད་པར་དུ་འགྲོ་བས་དེ་ལ་མ་ཆགས་པ་རྣམས་ཡིན་ནོ།། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། བློ་མྱི་གཡོ་མྱི་འགྱུར
310a3 ཞིང་ཤིན་ཏུ་བརྟན་པ་རྣམས་ཡིན་ནོ།། བཞི་གར་ཞེ་ན། སྒྱུ་དང་གཡོ་མྱེད་པའི་བསམ་པ་དང་། བསམ་པ་ཡོངས་སུ་དག་པའི་སྦྱོར་བ་དང་། སྦྱོར་བ་ལ་མྱི་ལྡོག་པ་ས་མ་པ་དང་ལྷག་པའི་བསམ་པ་མ་བོར་བར་སྒྲུབ་པ
310a4 སྟེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དེ་དག་དང་ལྡན་ན། བློ་མྱི་གཡོ་མྱི་འགྱུར་ཞིང་ཤིན་ཏུ་བརྟན་པ་རྣམས་ཡིན་ནོ།། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི
310a5 དང་ལྡན་ན་ཐབས་དང་ཤེས་རབ་ཡོངས་སུ་དག་པ་རྣམས་ཡིན་ནོ།། བཞི་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་བདག་མྱེད་པར་ཡང་མ། ཟོར་ལ། བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་ཀྱང་ཡོངས
310a6 སུ་སྦྱིན་པར་བྱེད་པ་དང་། ཆོས་ཐམས་ཅད་བརྗོད་དུ་མྱེད་པར་ཡང་རབ་ཏུ་ཤེས་ལ།། ཡི་གེ་དང་ངེས་པའི་ཚིག་གིས་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཅིང་དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། སངས
310a7 རྒྱས་ཐམས་ཅད་ཆོས་ཀྱི་སྐུས་རབ་ཏུ་བྱེ་བར་ཡང་མོས་ལ་མཚན་དང་དཔེའ་བྱང་བཟང་པོ་ཡོངས་སུ་བསྒྲུབ་པའི་ཕྱིར། བཅོམ་འགྲུས་ཀྱང་ཉམས་པར་མྱི་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་ནམ་མཁའི་ངོ་བོ་ཉིད་དུ
310a8 ཏོག་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར། ཚོལ་བའི་རྒྱུན་ཀྱང་མྱི་གཅོད་པ་སྟེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། ཐབས་དང་ཤེས་རབ་ཡོངས
310a9 སུ་དག་པའི་རྣམས་ཡིན་ནོ།། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། རྒྱང་རིང་དུ་ཡང་ལྟ་ལ། ཆ་བ་ཡང་མ་ཆད་པ་རྣམས་ཡིན་ནོ།། བཞི་ཀང་ཞེ་ན། བྱང་ཆུབ་ཀྱི་སྙིང་པོ




iiif viewer powered by OpenSeadragon

309b - 310b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo