e-texts navigator
Collection
Volume
Page
Wylie

309b1 ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྲོ་མྱ་གཡོ་མྱི་འགྱུར་ཞིང་ཤིན་ཏུ་བརྟན་པ་རྣམས་ལགས།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཡོངས་སུ་དག་པ་རྣམས་ལགས།
309b2 བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྒྱང་རིང་དུའང་ལྟ་ལ་ཆ་བ་ཡང་མ་ཆད་པ་རྣམས་ལགས།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཡུལ་ཡང་འབྱོར་དེ་ལ་བག་མཆིས་པ་ཡང་མྱི་འདོར་བ་ནི།
309b3 ལགས།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔལ་དོན་ཟབ་མོའི་ཚུལ་ལ་མྱི་སྐྲག་པ་རྣམས། བཅོམ་ལྡན་འདས་ཇི་སྐར་ན་བྱང་ཆུབ་སེམས་དཔའ་ཡང་དག་པ་རྣམས་ཤེས་བགྱི།། བློ་གྲོས་རྒྱ་མཚོ་དེ་སྐད་ཅེས
309b4 གསོལང་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་སྣང་བ་མཐའ་ཡས་དེས། རྒྱལ་པོ་ཡུལ་སྲིན་ཏུ་རྣམ་པར་དག་པ་དེ་ལ་འདི་སྐད་ཅེས་བཀའ་མ་ལར་ཏོ།། རྒྱལ
309b5 པོ་ཆེན་པོ་དེའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བཤད་དོ།། །། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བནི་དང་ལྡན་ན་ཐེག་པ་ཆེན་པོ་ལ་གཞན་གི་དྲིར་མྱི་འཇོག་པ་རྣམས་ཡིན།
309b6 བཞི་གང་ཞེ་ན། མོས་པ་ལས་ངེས་པར་འབྱུང་བའི་དད་པའི་འཕགས་པ་འཇིག་རྟེན་ལས་འདས་པ་དང་། ཕྱིར་མྱི་ལྡོག་པའི་བརྩོན་འགྲུས་འབར་བས། སེམས་ཅན་ཡོངས་སུ་སྦྱིན་པར་བྱ་བ་ལ་བཚོན་པ
309b7 དང་། ཤིན་ཏུ་རྣམ་པར་བརྟགས་པའི་ཐོས།། མངོན་པར་ཤེས་པའི་ཡེ་ཤེས་ཀྱིས་རྣམ་པར་འཕེན་པ་དང་། མ་མར་རང་གིས་ཞེས་པ་དང་ལྡན་པའི་ཤེས་རབ་ཀྱིས།། ཆོས་ཐམས་ཅད་ངེས་པར་རྟོགས་པའི་མཚན་ཉིད་དེ། རྒྱལ་པོ
309b8 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། ཐེག་པ་ཆེན་པོ་ལ་གཞན་གི་དྲིང་མྱི་འཇོག་པ་རྣམས་ཡིན་ནོ།། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན
309b9 ཁྱད་པར་དུ་འགྲོ་བས་དེ་ཐ་མ་ཆགས་པ་རྣམས་ཡིན་ནོ།། བཞི་གང་ཞེ་ན། སེམས་ལས་སུ་རུང་བས་བསམ་གཏན་ལས་ལྡོག་པ་ལ་མཁས་པ་རྣམས་ཡིན། གཞན་ལ་བདེ་བ་རབ་ཏུ་སྦྱིན་པས། བདག་བདེ་བ་ལ་མྱི་ཆགས




iiif viewer powered by OpenSeadragon

309a - 310a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo