| e-texts navigator |
| Wylie |
309a1 འདྲ་བ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ཤ་སྟག་གོ།། བློ་གྲོས་རྒྱ་མཚོ་རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར
309a2 སྣང་བ་མཐའ་ཡས་དེ་འཁོར་དང་བཅས་པ་ལ་བར་གི་སྐལ་པ་ཉིས་ཀྱི་བར་དུ་རུང་བ་ཁ་ན་མ་ཐོ་བ་མྱེད་པ། དགེ་སྦྱོང་དང་འཐུན་པའི་ཡིད་དུ་འོང་བའི་གོས་དང་། ཟས་དང་། མལ་ཅ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་ནས
309a3 ཀྱིས་སྤྱན་དྲངས་པར་གྱུར་ད་ཏོ།། རྒྱལ་པོ་དེས་བཅོམ་ལྡན་འདས་དེ་ལ་མཆོད་པའི་ལས་ཀྱི་ཕྱིར། འཁོར་གི་ཁྱམས་ཡངས་ཤིང་ཐ་གྲུ་ཆེ་བ། ཆུ་ཞེར་དཔག་ཚད་ལྔ་འབུམ་ཡོད་པ། ས་ཕྱོགས་ནོར་བུ་རིན་པོ་ཆེ་བྱེ་དུ་རྱས་སྦས་པ
309a4 རིན་པོ་ཆེ་སྣ་བདུན་གི་ཕྱི་ནས་བསྐོར་པ། ཙན་དན་དམར་པོ་དང་། ཙན་དན་སྦྲུལ་གི་སྙིང་པོ་བཤིབས་ཏེ་སྱ་རད་པ། སྣ་ཚོགས་བལྟ་ན་བསྟུག་པ་ལྷའི་གཞལ་མྱེད་ཁང་འདྲ་བར་བྱས་སོ།། གཞན་ཡང་དགེ་སློང
309a5 གི་དགེ་འདུན་གྱིས་ཡོངས་སུ་སྤྱད་པའི་ཁང་པ་ཆགས་པ་ས་ཡ་བྱས། སོ།། བློ་གྲོས་རྒྱ་མཚོ་དེ་ལྟར་རྒྱལ་པོ་ཡུལ་ཤི་ནད་ཏུ་རྣམ་པར་དག་པ། ལས། གཞན་མྱི་བྱེད་པར་རྒྱུ་ནང་ཏུ་ཚངས་པར་པྱོད་པ་ཡང་དག་པར
309a6 བླངས། བསླབ་པའི་གནས་ལྔ་པོ་ཡོངས་སུ་བཟུང་སྟེ། བཙུན་མོའི་འཁོར་དང་བཅས། རང་གི་སྐྱེ་བོ་དང་བཅས། གཡོག་འཁོར་དང་བཅས་པས་བར་གི་བསྐལ་པ་གཉིས་སུ་བཅོམ་ལྡན་འདས་དེ་ལ་སྙེན་བཀུན
309a7 བྱས་ནས། བར་གི་བསྐལ་པ་དེ་གཉིས་འདས་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བཅུ
309a8 བསྐོར་བ་བྱས་ནས། ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས་ཀྱང་། རྒྱལ་པོའི་ཡུལ་ཤིན་ཏུ་རྣམ་པར་དག་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་དེ་ལ་འདི་སྐད་ཅེས་གསོག
309a9 ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་གཞན་གི་དྲིང་མྱི་འཇོག་པ་རྣམས་ལགས།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱད་པར་དུ་མཆི་བས་དེ་ལ་མ་ཆགས་པ་རྣཾམ