| e-texts navigator |
| Wylie |
308b1 ཚེའི་ཚད་རི་བར་གི་བསྐལ་པ་བཅུ་ཐུབ་པར་གྱུར་ཏོ།། དེའི་ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་ནི་ཉན་པོས་བྱེ་བ་བརྒྱ་སྟོང་བྱེ་བ་ཕྲག་སུམ་ཅུ་མ་དྲུག་ཡོད་དོ།། བྱང་ཆུབ་སེམས་དཔའི་འདུས་པ་ཆེན་པོ་ནི། བྱང་ཆུབ་སེམས་དཔའ་བྱེ་བ
308b2 བརྒྱ་ཕྲག་བཅུ་གཉིས་ཡོད་དོ།། རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་དེའི་སྐྱེ་བའི་སར་གྱུར་ད་ཏོ།། བཅོམ་ལྡན་འདས་དེ་དེ་ནས་མངོན་པར་བྱང་ནས། བཅོམ་ལྡན་འདས་གྲོང
308b3 ཁྱེར་ཆེན་པོ་དགའ་བ་འབྱུང་བ་ཞེས་བྱ་བར་གནས་ཏེ། བཞུགས་སོ།། བློ་གྲོས་རྒྱ་མཚོ་དེའི་ཚེ་དེའི་དུས་ན། གྲོང་ཁྱེར་ཆེན་པོ་དགའ་བ་འབྱུང་བ་དེར་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་སྟོང་གསུམ་གི།
308b4 འཇིག་རྟེན་གི་དབང་ཕྱུག་རིན་པོ་ཆེ་སྣ་བདུན་དང་ལྡན་པའ་ཞིག་བྱུང་ངོ་།། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་དག་སྟེ། འདི་ལྟར་འཁོར་ལོ་རིམ་པོ་ཆེ་དམ། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། བུད་མྱེད་རིན་པོ་ཆེ་དང་། ནོར།
308b5 བུ་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་དང་། བདུན་ནོ།། རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་དེ་ཡང་བླ་ན་མྱེ། ད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས
308b6 པར་གྱུར་ད་ཏེ།། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ། སེམ་ས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མྱེད་པའོ།། རྒྱལ་པོ་ཡུལ་ཤི་ནད་ཏུ་རྣམ་པར་དག་པ་དེའི་བཙུན་མོའི་འཁོར་གི་བུད་མྱེད་ནི་བྱེ་བ་ཕྲག་བཞི
308b7 ཡོད་དེ།། གཟུགས་པའང་བ། མཛེས་པ། བསན་བསུག་པ། སྣའི་བུ་མོའི་གཟུགས་དང་འདྲ་བ། བླན་བྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ན་སྟག་གོ།། དེ་ལ་བུ་སོབ་ཡོད་དེ།
308b8 དཔའ་བ། རྟུལ་པོད་པ། ཡན་ལག་བཟང་པོའི་མཆོག་གཟུགས་དང་ལྡན་པ། ཨ་རོལ་གི་སྡེ་རབ་ཏུ་འཇོམ་པ། སྲེད་མྱེད་གི་བུའི་སྟོབས་ཀྱི་ཤུགས་ཕྱེད་བདོག་པ། སྐྱེས་བུ་ཆེན་པོའི་མཚན་ཉི་ཤུ་ཎ་བརྒྱད་ཀྱིས་ཡན་ལག་རྣམ།
308b9 པར་སྦས་པ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ཤ་སྟག་གོ།། དེ་ལ་བུ་མོ་བརྒྱད་འབུམ་ཡོད་དེ། གཟུགས་བཟང་བ། མཛེས་པ། བལྟ་ན་སྟུག་པ། ལྷའི་བུ་མོའི་གཟུགས་དང