| e-texts navigator |
| Wylie |
308a1 གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་ཁྱད་པ་ཅི་འདྲ་བ་དེ་འདྲ་བར་གྱུ་རད་པས།། དེའི་ཕྱིར་འཇིག་རྟེན་གི་ཁམས་དེ་ཤིན་ཏུ་འཕྲུལ་པ་ཞེས་བྱའོ།། ཅིའི་ཕྱིར་བས།
308a2 པ་དེར་མདོག་ཅེས་བྱ་ཞེ་ན། བློ་གྲོས་རྒྱ་མཚོ་བསྐལ་ད་པ་ཁྲི་འདས་ནས། བསྐལ་ད་པ་དེ་ལ་སངས་རྒྱས་བྱུང་བར་གྱུར་ད་ཏེ།། དེ་རྨཤེགས་པ་སྐར་མ་ལ་དགའ་བ་ཞེས་བྱ་བ་བྱུང་ངོ་།། གང་གི་འོག་ཏུ་བཅོམ་ལྡན་འདྲ
308a3 དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་དེས་བྱང་ཆུབ་ཐོབ་པའི་དེ་བཞིན་གཤེགས་པའི་མཚན་གྱིས་སྐལ་པ་དེ་མསྐར་མཆོག་ཅེས་བྱའོ།། བློ་གྲོས་རྒྱ་མཚོ་བསྐལ་པ་དེ་ལ་དེ་བཞིན་གཤེགས་པ་བྱེ་བ
308a4 ཕྲག་བཅུ་བཞི་བྱུང་།། བློ་གྲོས་རྒྱ་མཚོ་འཇིག་རྟེན་གི་ཁམས་ཤིན་ཏུ་སྲུལ་པ་ནི་འབྱོར་ད་པ། རྒྱས་པ་ཞི་བ། ལོ་ལེགས་པ། ལྷ་དང་མྱིས་གང་པ། ཡངས་ཤིང་ཟ་གྲུ་ཆེ་བར་གྱུར་ད་ཏེ། གླིང་བྱེ་བ་བརྒྱ་སྟོང་ཕྲག
308a5 དཀུ་བཅུ་ཆ་དྲུག་ཡོད་དོ།། གླིང་རེ་རེའི་ཚད་ཀྱང་དཔག་ཚད་བརྒྱ་སྟོང་། ཕྲག་བརྒྱད་ཅུ་རྩ་བཞི་ཡོད་དོ།། དཔག་ཚད་བརྒྱ་སྟོང་ཕྲག་བརྒྱ་ད་ཅུ་ཆ་བཞི་རེ་རེ་ལ་ཡང་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་ཡོད་པར
308a6 གྱུརྡ་ཏོ།། གྲོང་ཁྱེར་རེ་རེ་ཡང་གྲོང་དང་། ཚོང་འདུས་དང་། འོར་གྱི་གྲོང་བརྒྱད་ཁྲི་བཞི་སྟོང་གིས་ཀུན་ནས་བསྐོརྡ་བར་གྱུར་ཏོ།། གྲོང་ཁྱེར་དེ་དག་ཐམས་ཅད་ན་ཡང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང
308a7 ཕྲག་བཅུ་བཅུ་ཡོད་པར་གྱུརྡ་ཏོ།། གྲོང་དང་ཚོང་དུས་དང་། འོ་རད་ཀྱི་གྲོང་དེ་དག་ཐམས་ཅད་ན་ཡང་། མྱིའི་སྐྱེ་དགུའི་སྲོག་ཆགས་བྱེ་བ་ཕྲག་བརྒྱད་བརྒྱད་གནས་པར་གྱུརྡ་ཏོ།། དབང་ཆེ་བ་དབང་ཆེ་བར་གྲགས་པའི་མྱི་རྣམས
308a8 ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟར་འཇིག་རྟེན་གི་ཁམས་དེ་རྒྱས་པར་གྱུར་ཏོ།། འཇིག་རྟེན་གི་ཁམས་དེ་ནི་གསེར་དང་དངུལ་དང་ཤེལ་དང་། བྱེ་དཱུརྱ་དང་། རིན་པོ་ཆེ་སྣ་བཞི་ལས་གྲུབ་པར་གྱུར་ཏོ།། དེ་ན་བཟའ་དང་། བཏུང་བ་དང་།
308a9 གོས་དང་། རྒྱན་དང་། ཡོངས་སུ་ཁྱད་པ་དག་བསམ་པ་ཙམ་གྱིས་འབྱོར་ཏོ།། ལྷ་དང་མྱི་དེ་དག་ཀྱང་རའི་བ་མྱེད་ཅིང་ཡོངས་སུ་འཛིནད་པ་མྱེད་པར་གྱུར་ད་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྡང་བ་མཐའ་ཡས་དེའི