e-texts navigator
Collection
Volume
Page
Wylie

307b1 ཤིན་ཏུ་སྲུལ་པའི་འཇིག་རྟེན་གི་ཁམས་སུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་སྣང་བ་མཐའ་ཡས་ཤེས་བྱ་བ། རིག་པ་དང་ཞབས་སུ་ལྡན་པ། བདེ།
307b2 བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མྱེད་པ། ལྷ་དང་། མྱི་རྣམས་ཀྱི་སྟོནད་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་།། ཅིའི་ཕྱིར་དེ་བཞིན་གཤེགས་པ་དེ་འོ།
307b3 ཟེར་སྣང་བ་མཐའ་ཡས་ཞེས་བྱ་ཞེ་ན། བཅོམ་ལྡན་འདས་དེ་ཐམས་ཅད་མཁྱེན་པ་མ་བོབ་ཅིང་། བྱང་ཆུབ་སེམས་དཔར་གྱུར་དེ་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས། ལུས་ལས་འོད་འདི་ལྟ་བུ་བྱུང་སྟེ། འོད་རབ
307b4 ཏུ་བྱུང་བ་དེས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མྱེད་པ་གྲངས་མྱེད་པ་བགྲང་བ་ལས་ཤི་ནང་ཏུ་འདས་པ་དག་པ་སྡང་བ་ཆེན་པོས་གསལ་བར་གྱུར་ད་ཏོ།། སངས་རྒྱས་ཀྱི་ཞིང་དེ་དག་ན་བྱང་ཆུབ་སེམས།
307b5 དཔའ་གང་དག་ཕྱིར་མྱི་ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་འཁོད་པའི་དེ་དག་གིས། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི།། སྙིང་པོ་ལ་འདུག་པ་དེ་མཐོང་ངོ་།། མཐོང་ནས་ཀྱང་བྱང་ཆུབ
307b6 སེམས་དཔའ་ག་ལ་བ་དེ་ལོགས་སུ་མེ་ཏོག་གཏོན་ཏོ།། གཏོར་བ་དང་སངས་རྒྱས་ཀྱི་མཐུས་འོངས་ནས་བྱང་ཆུབ་སེམས་དཔའ་དེའི་ལུས་ལ་བབ་བོ།། མེ་ཏོག་དེ་དག་གིས་འཇིག་རྟེན་གི་ཁམས་ཤི་ནང
307b7 ཏུ་སྲུལ་པ་དེར་མྱི་བདུན་གི་འཕང་ཙམ་གྱི་མེ་ཏོག་བཀྲམ་པ་གཅིག་པུ་གནས་པར་གྱུར་ཏོ།། འཇིག་རྟེན་གི་ཁམས་དེ་ན་དབང་ཆེ་བ་དག་དང་། བྱང་ཆུབ་སེམས་དཔའ་གང་དག་འའོད་པ་དེ་དག་གིས་འོད་དེ་མཐོང་ནས
307b8 གང་འདི་ལྟ་བུ་རྣམ་པར་དག་པའི་འོད་བྱུང་བ་ལས་ན། ཀྱེ་མ་འདི་ནི་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་སུ་འགྱུར་རོ།། ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ།། དེ་ལྟར་ན་དེ་བཞིན་ཤེགས་པ་དེའི་མཚན
307b9 འོད་ཟེར་སྣང་བ་མཔའ་ཡས་ཤེས་བྱ་བར་གྱུར་ཏོ།། ཅིའི་ཕྱིར་འཇིག་རྟེན་གི་ཁམས་དེ་ཤི་ནང་དུ་འཕྲུལ་པ་ཞེས་བྱ་བ་ཞེ་ན། འཇིག་འརྟེན་གྱི་ཁམས་དེ་ན་འོད་པའི་མྱི་དེ་དག་གི་ལོངས་འཔྱོད་དཔ་ཡོངས་སུ་འགྱོད་པ་ནི




iiif viewer powered by OpenSeadragon

307a - 308a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo