e-texts navigator
Collection
Volume
Page
Wylie

307a1 པ་དེ་བྱང་ཆུཀྱི་སེམས་སུ་ཤེས་པའོ།། ཐབས་དག་པ་ནི་བྱང་ཆུཅི་སེམས་མཉམ་པ་ཉིད་དུ་ཕ་རོལ་ཏུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཡང་དག་པར་འཛིན་དུ་འཇུག་པའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ
307a2 སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ཇི་ལྟར་བདག་གིས་འཚལ་པ་ལྟར་ན། བཅོམ་ལྡན་འདས་བདག་འདི་སྙམ་དུ་བགྱིད་དེ། བྱང་ཆུབ་སེམས་དཔའ་ཐབ
307a3 མཁས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ཡོངས་སུ་དག་པ་རྣམས་ཀྱི་བྱང་ཆུབ་ནི་ཀུན་ཏུ་འགྲོ་བ་སྟེ། བཅོམ་ལྡན་འདས་དེ་དག་གི་བྱང་ཆུབ་མ་ལགས་པའི་ཆོས་ཀར་ཡང་མ་མཆིས་སོ།། དེ་ཅིའི་སླད་དུ་ཞེ་ན།
307a4 བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་ནི་བྱང་ཆུབ་བོ།། བཅོམ་ལྡན་འདས་དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་བྱང་ཆུབ་ལ་རིང་བའི་འདུ་ཤེས་ལ་རིང་བའི་འདུ་ཤེས་མྱི་བགྱིའོ།།
307a5 གཡུལ་དྲུག་པོ་དག་གི་ནང་ནས་ཆོས་གང་དེ་ལ་སྔར་འགྱུར་བ་དེ་ཉིད།། ཡང་དག་པར་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་བྱང་ཆུབ་བོ།། བཅོ།། མ་ལྡན་འདས་དེ་ལྟར་མོས་པའི་བྱང་ཆུབ་སེམས་དཔའ་ནི་ཐབས
307a6 མཁས་པ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་དག་པ་ཐོབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེ་མས་དཔའ་གློ་གྲོས་རྒྱ་མཚོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ།
307a7 ཟོ་གྲོས་རྒྱ་མཚོ་ལེགས་སོ་ལེགས་སོ།། དེ་དེ་བཞིན་ནོ།། ཇི་སྐད་སྨྲས་པ་བཞིན་ཏེ། ཡུལ་དྲུག་པོ་དེ་དག་གི་ནང་ནས་ཆོས་ཀར་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་དག་པ་དང་། ཤེས་རབ་ཀྱི་ཕ་རོལྡ་ཏུ་ཕྱིནད་པ
307a8 ཡོང་སུ་དག་པ་རྣམས་ལ་སྣང་བར་གྱུར་པ་དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་བྱང་ཆུབ་སྟེ། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་དེ་ལྟར་རིག་པར་བྱའོ།། བློ་གྲོས་རྒྱ་མཚོ་སྔོན་བྱུང།
307a9 བ་འདས་པའི་དུས་ན། བསྐལ་པ་གྲངས་མྱེད་པའི་ཡང་ཆེས་གྲངས་མྱེད་པ་ཤིན་ཏུ་རྒྱས་པ། ཚད་མྱེད་པ། བསམ་གྱིས་མྱི་ཁྱབ་པ། མཚུངས་པར་གྱུརྡ་པ་དེའི་ཚེ་དེའི་དུས་ན། སྐར་མདོག་གི་བསྐལ་པ་ལ




iiif viewer powered by OpenSeadragon

306b - 307b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo