| e-texts navigator |
| Wylie |
306b1 ཤེས་རབ་དག་པ་ནི་གང་སེམས་ཅན་ཐམས་ཅད་ཀྱི་དབང་མཆོག་མ་ཡིན་པ། མཆོག་མ་ཡིན་པ་ཤེས་པའི་ཡེ་ཤེས་སོ།། ཐབས་དག་པ་ནི་གང་སེམས་ཅན་ཐམས་ཅད་ལ་སོ་སོ་ཅི་རིགས་པར་ཆོས་སྟོནད་པ་ལ་མཁས་པའོ།།
306b2 བློ་གྲོས་རྒྱ་མཚོ་གཞན་ཡང་དགེ་བའི་ཆ་བའི་དག་པ་ནི་གང་། སྲིད་པར་འགྲོ་བའི་སྐྱེ་བ་ཐམས་ཅད་ལ་མྱི་གནས་པར་དགེ་བའི་ཚ་བ་དེ་དག་སོཚོགས་པའོ།། ཡོངས་སུ་སྔོ་བ་དག་པ་ནི་གང་ཐེག་པ་ཐམས་ཅད་ལ་ཡང་དག་པར
306b3 གཞོལ་བས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡིད་ལ་བྱེད་པ་དང་། བྲལ་བར་དགེ་བའི་རྩ་བ་དེ་དག་ཐེག་པ་ཆེན་པོར་ཡོངས་སུ་སྔོ་བའོ།། ཤེས་རབ་དག་པ་ནི་གང་བག་ཆགས་ཀྱི་མཚམས་སྦྱོར་བར་གྱུར་པའི
306b4 ཉོན་མོངས་པ་ཐམས་ཅད་ཡང་དག་པར་འཇོམས་པའོ།། བབས་དག་པ་ནི་སེམས་ཅན་གང་དག་ཡོངས་སུ་སྦྱིན་པར་ཕྱེ་ད་པ་དེ་དག་དོན་མཐུན་པས་ཐེག་པ་ཆེན་པོ་ཡང་དག་པར
306b5 འཛིན་དུ་འཇུག་པའོ།། གཞན་ཡང་དགེ་བའི་ཆ་བ་དག་པ་ནི། འདི་ལྟ་སྟེ། ལོངས་ཁྱོད་ཀྱི་བཟད་པ་དཔལ་ཀ་ན་རིན་པོ་ཆེའོ།། ཡོངས་སུ་སྔོ་བ་དག་པ་ནི་གང་སེམས་ཅན་ཐམས་ཅད་དང་སློན
306b6 པ་དང་མྱི་སློབ་པ་དང་། རང་སངས་རྒྱས་ཐོས་ཨ་དང་། བྱང་ཆུབ་སེབ་མ་པས་ཀྱི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྔོ་བ་དེས་ཡོངས་སུ་འཛིན་ཅིང་ཡང་དག་པར་འཇུག་པའོ།། ཤེས་རབ་དག་པ་ནི་གང
306b7 གཟུགས་ཀྱི་ཕྱག་རྒྱས་བཏབ་ན། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་ཀུན་ཏུ་འཛིནད་ཅིང་ཆུད་མྱི་ཟ་བར་བྱེད་པའོ།། ཕབས་དག་པའི་ནི་གང་སྤོབས་པ་རྒྱུནད་མྱི་འཆར་པ་དང་། སྤོབས་པ་ཆགས་པ་མྱེད་པ་དང་། ཆོས
306b8 བསྟནད་པ་དོན་ཡོད་པས་ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཡང་དག་པར་ཚིམ་པར་བྱེད་པའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་དགེ་བའི་ཚ་བ་དག་པ་ནི། གང་ཚེ་རབས་ཆེ་རབས་དག་ཏུ་བྱང་ཆུབ་ཀྱི་སེམས
306b9 ཀྱི་བརྗེད་པའོ།། ཡོངས་སུ་བསྔོ་བ་དག་པ་ནི་གང་བྱང་ཆུབ་སེམས་མ་བརྗེད་པར་དགེ་བའི་ཁ་བ་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བའོ།། ཤེས་རབ་དག་པ་ནི་གང་གྱི་གནས་པའི་དགེ་བའི