e-texts navigator
Collection
Volume
Page
Wylie

306a1 གང་གི་ཚེ་སྙིང་རྗེ་ཆེན་པོ་སྔོན་དུ་བཏང་བའི་སེམས་ཀྱིས་འདུས་མ་བྱས་སུ་མྱི་ལྟུང་ཞིང་འབྲས་བུ་ཐོབ་པར་ཡང་མྱི་བྱེད་པ་འདི་ནི་དེའི་ཐབས་ལ་མཁས་པའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམ
306a2 དཔའ་དུས་སུ་མཉམ་པ་ཉིད་ཀྱི་ཕྱིར་ཐ་དད་དུ་བྱ་བའི་ཆོས་གང་ཡང་མྱི་མཐོང་སྟེ། ཆོས་ཀྱི་དབྱིངས་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ། སེམས་ཅན་གི་ཁམས་གི་མཉམ་པའི་སེམས་ཅན་གི་ཁམས་མཉམ་པ་གང་ཡིན་པ་དེ་མྱ་ངན
306a3 ལས་འདས་པའི་དབྱིངས་ཀྱི་མཉམ་པ་མྱ་ངན་ལས་འདས་པའི་དབྱིངས་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ། ཆོས་ཀྱི་དབྱིངས་ཀྱི་མཉམ་པ་སྟེ། ཆོས་ཀྱི་དབྱིངས་ལ་འཇུག་པས་མཉམ་པ་ཉིད་ལ་འཇུག་པ་འདི་ནི་དེའི་ཤེས་རབ
306a4 ཀྱི་ཕ་རོལ་ཏུ་ཕྱི་ནད་པའོ།། གང་གི་ཚེ་སེམས་ཅན་གི་ཁམས་ཐམས་གྲཅིག་ཏུ་རབ་ཏུ་ཤེས་ཤིང་། མྱ་ངན་ལས་འདས་པའི་དབྱིངས་ཀྱང་མངོན་གསུམ་དུ་མྱི་བྱེད་ལ། སེམས་ཅན་གི་ཁམས་ལ་ལྟ་བས་ཆོས་ཀྱི་དབྱིངས
306a5 ལ་མྱི་ལྟ་བར་ཡང་མྱི་འགྱུར་བ་འདི་ནི་དེའི་ཐབས་ལ་མཁས་པའོ།། ། རིགས་ཀྱི་བུ་གཞན་ཡང་སྦྱིན་པ་དག་པ་ནི་ཤེས་རབ་བོ།། ཡོངས། སུ་སྔོ་བ་དག་པ་ནི་ཐབས་སོ།། ཚུལ་ཁྲིམས་དང་། བཟོད་པ
306a6 དང་། བཚོན་འགྲུས་དང་། བསམ་གཏན་དག་པའི་ཤེས་རབ་བོ།། ཡོངས་སུ་སྔོ་བ་དག་པ་ནི་ཐབས་སོ།། མདོར་བསྟུ་ན་དགེ་བའི་ཎ་བ་ཐམས་ཅད་དག་པ་ནི་ཤེས་རབ་བོ།། ཡོངས་སུ་སྔོ་བ་དག་པ་ནི
306a7 ཐབས་སོ།། བློ་གྲོས་རྒྱ་མཚོས་གསོལ་པ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་པ་ཡོངས་སུ་དག་པ་ནི་གང་ལགས། ཡོངས་སུ་སྔོ་བ་དག་པ་ནི་གང་ལགས།། ཤེས་རབ་དག་པ་ནི་གར་ལགས།
306a8 ཐབས་དག་པ་ནི་གང་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་ས་ལད་པ། བློས་གྲོས་རྒྱ་མཚོ་དགེ་བའི་ཆ་པ་དག་པ་ནི་གང་ལགས། སེམས་ཅན་དག་དང་སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་ཏུ་ལྟ་བ་དང
306a9 བྲལ་བར་དགེ་བའི་རྩ་བ་དེ་དག་ལ་སོཚོགས་པའོ།། ཡོངས་སུ་བསྔོ་བ་དག་པ་ནི་གང་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོནད་པ་མྱེད་པ་ཡོངས་སུ་འདྲིས་པར་དགེ་བའི་རྩ་བ་དེ་དག་བྱང་ཆུབ་ཏུ་ཡོངས་སུ་སྔོ་བའོ།།




iiif viewer powered by OpenSeadragon

305b - 306b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo