| e-texts navigator |
| Wylie |
305b1 ཟག་རྣམས་ཀྱི་ཚི་བླ་དགས་ཏེ། དེ་དག་ནི་འཁོར་བར་ལྟུང་བའི་སེམས་ཅན་རྣམས་མཐོང་ན། མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་གྱི་འབྱིན་མྱི་ནུས་སོ།། ཚོང་དཔོན་གི་ཁྱིམ་བདག་ཅེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའི་ཚིག་ཐ
305b2 དགས་ཏེ། དེ་ནི་སེམས་དག་ཅིང་དྲི་མ་མྱེད་དེ་དྲི་མ་དང་བྲལ་ལ་འདུས་མ་བྱས་གི་ཆོས་མངོན་གསུམ་དུ་གྱུར་ཀྱང་། སེམས་ཅན་ཡོངས་སུ་སྦྱིན་པར་བྱ་བའི་ཕྱིར་བསམས་བཞིན་དུ་ཁམས་གསུམ་དུ་མཚམས་སྦྱོར་རོ།། བློ་གྲོས་རྒྱ
305b3 མཚོ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་སྟེ། གང་ཉམས་པའི་བཅིང་བ་ཐམས་ཅད་ལས་ཤིན་ཏུ་ཡོངས་སུ་གྲོལ་ཡང་ཐབས་མཁས་པས་སྲིད་པར་སྐྱེ་བ་ཉེ་བར་ལེན་ལ། ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་རང་གི
305b4 ཉན་མོངས་པ་རྣམས་ཀྱིས་ཀྱང་གནོད་པ་མྱེད་ཅིང་བཅིང་བ་ཐམས་ཅད་སྤང་བའི་ཕྱིར། སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་པའོ།། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་གསོལ་དུ་པ། བཅོམ་ལྡན
305b5 འདས་བྱང་ཆུབ་སེམས་དཔའ་སེམས་དྲི་མ་མཆིས་ཤིང་དྲི་མ་དང་བྲལ་ཏེ་བདག་ཀྱང་འཁོར་བའི་ལ་མྱི་སྨོད་ཅིང་། ཆོས་ཟབ་མོ་ལ་ཇི་ལྟར་བ་བཞིན་དུ་རྟོག་པས་ཀྱང་འདུས་མ་བྱས་སུ་མྱི་ལྟུང་ཞིང་འབྲས་བུ་ཡཱ
305b6 ཐོབ་པར་མྱི་བགྱིད་པ་ནི། བགྱིད་དཀའ་བ་བགྱིད་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སཿལ་པ། བློ་གྲོས་རྒྱ་མཚོ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡན་ལག་གཉིས་དང་རབ་ཏུ་ལྡན་པའི་ལམ་སྟེ། འདི་ལྟར་ཤེས
305b7 རབ་ཀྱི་ཕ་རོལྡ་ཏུ་ཕྱིནད་པ་དང་ཐབས་མཁས་པའོ།། བློ་གྲོས་རྒྱ་མཚོ་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དྲི་མ་མྱེད་ཅིང་དྲི་མ་དང་བྲལ་ཏེ། དག་པར་གྱུར་པ་འདི་ནི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པའོ།། བློ་གྲོས
305b8 རྒྱ་མཚོ་གང་གི་ཚེ། བྱང་ཆུབ་སེམས་དཔལ་འཁོར་བ་ལ་མྱི་སྤྱོད་ཅིང་། སེམས་ཅན་ཡོངས་སུ་སྦྱིན་པར་བྱ་བའི་ཕྱིར། སྐྱེ་བ་ཡང་འཛིན་པ་འདི་ནི་དེའི་ཐབས་མཁས་པའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་གང་གི་ཚེ། བྱང་ཆུབ
305b9 སེམས་དཔའ་འདུ་བྱེད་ཐམས་ཅད་ལ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་དང་། མངོན་པར་འདུ་བྱེད་པ་མྱེད་པ་དང་། མ་སྐྱེས་པ་དང་མ་བྱུང་བར་སོ་སོར་རྟོག་པ་འདི་ནི་དེའི་ཞེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པའོ།། །