e-texts navigator
Collection
Volume
Page
Wylie

305a1 བྱང་ཆུབ་སེམས་དཔའ་ནི་དེ་དག་གིས་འདྲེ་ཡང་ཉོན་མོངས་པའི་སྐྱོན་རྣམས་ཀྱིས་མྱི་གོས་སོ།། བློ་གྲོས་རྒྱ་མཚོས་གསོལ་པ།། བཅོམ་ལྡན་འདས་དགེ་བའི་ཆ་པ་ལགས་ན་ཅིའི་སླད་དུ་ཉོན་མོངས་པ་རྣམས་ཞེས་བགྱི
305a2 བཅོམ་ལྡན་འདས་ཀྱིས་བཀའ་སཿལད་པ། བློ་གྲོས་རྒྱ་མཚོ་འདི་ལྟར་ཉོན་མོངས་པ་དེ་ལྟ་བུ་དག་གིས། བྱང་ཆུབ་སེམས་དཔའ་ཁམས་གསུམ་དང་འདྲེ་ཞིང་། ཁམས་གསུམ་པའི་ནི་ཉོན་མོངས་པ་ལ་བྱུང་བ་ཡིན་པས། དེ་ལ་བྱང
305a3 ཆུབ་སེམས་དཔའ་ནི་ཁབས་མཁས་པ་དང་། དགེ་བའི་ཁ་བ་མྱོ་བས་བསྐྱེད་པས་བསམས་བཞིན་དུ་ཁམས་གསུམ་དང་འདྲེའོ།། དེའི་ཕྱིར་དགེ་བའི་ཚ་བ་དང་། མཚུངས་པར་ལྡན་པའི་ཉོན་མོངས་པ་ཞེས་བྱ་སྟེ། ཁམས
305a4 གསུམ་དུ་འདྲེ་བས་དེ་སྐད་བྱའི།། སེམས་ཉེ་བར་ཉོན་མོངས་པས་མ་ཡིན་ནོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། ཚོང་དཔོན་ཁྱིམ་བདག་གཅིག་ལ་བུ་སྟུག་པ་འཕངས་པ་ཡིད་དུ་འོངས་པ་ལྟ་བ་དང་། འཐུན་པ་ཅིག།
305a5 པུ་ཞིག་ཡོད་པར་གྱུར་ད་ལ། ཁྱེའུ་དེ་ཡང་བྱིས་པར་གྱུར་པ།། གར་བྱེད་བཞིན་དུ་ཁྲོན་པ་ཆོག་པ་ཞིག་ཏུ་ལྟུང་བ་དང་། དེ་ནས་ཁྱེའུ། དེའི་མ་དང་མཛའ་བཤེས་དང་། ཉེ་དུ་དག་གིས་ཁྱེའུ་དེ་འཁྲོན་པས
305a6 ཆོག་པར་ལྟུང་བར་མཐོང་ལ། མཐོང་ནས་ཀྱང་སྒྲ་ཆེར་ཕྱུང་སྟེ། མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་གྱི། འཁྲོན་པ་ཆོག་པ་དེར་ཞུགས་ཏེ། བུ་གཅིག་པ་དེ་མྱི་འབྱིན་ལ།། དེ་ནས་ཁྱེའུ་དེའི་ཕ་འོངས་ཏེ། དེས་བུ
305a7 གཅིག་པ་འཁྲོན་པ་སོགས་པར་ལྟུང་བ་དེ་མཐོང་ལ། མཐོང་ནས་ཀྱང་བུ་གཅིག་པ་ལ་བསམ་པ་ཐག་པ་ནས་བྱམས་ཅིང་རྗེས་སུ་ཆགས་པས་སྨོད་པར་མྱུར་དུ་སྐྱེན་པར་ལ་གོར་དུ་འཁྲོན་པ་ཆོག་པ་དེར་ཞུགས་ཏེ། བུ་གཅིག་པ
305a8 ཕྱུང་བ་འདི་ལྟ་བུ་འདི་ནི་བློ་གྲོས་རྒྱ་མཚོ་ཅི་ཙམ་དུ་དོན་ཤེས་པར་བྱ་བ་དཔེར་བྱས་པ་ཡིན་ནོ།། འདིར་དོན་ཏུ་ལྟ་བ་གང་ཞེ་ན། བློ་གྲོས་རྒྱ་མཚོ་འཁྲོན་པ་འཆོག་པ་ཞེས་བྱ་བ་ནི་ཁམས་གསུམ་གི་ཚིག་བླ་དགས་སོ།། བུ་གཅིག
305a9 པ་ཞེས་བྱ་བ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་ཚིག་བླ་དགས་ཏེ། དེ་དག་ལ་བྱང་ཆུབ་སེམས་དཔའ་བུ་ཅིག་པ་ལྟར་འདུ་ཤེས་སོ།། མ་དང་མཛ་ཤེས་དང་། ཉེ་དུ་ཞེས་བྱ་བ་དེ་ནི་ཉན་ཐོས་དང་སངས་རྒྱས་ཀྱི་ཐེག་པ་པ་གང




iiif viewer powered by OpenSeadragon

304b - 305b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo