e-texts navigator
Collection
Volume
Page
Wylie

304b1 ཕྱིར་ཆོས་བསྟན་ནུས་སོ།། བསྟན་ནས་དེ་ཞུམ་པའི་སེམས་མྱི་སྐྱེད་ཀྱི། དེ་དེ་བས་ཀྱང་ཤས་ཆེར་སེམས་ཅན་ཐམས་ཅད་རབ་ཏུ་ཐ་རད་པར་བྱ་བའི་སེམས་བསྐྱེད་དོ།། དེ་ཡང་འདི་སྙམ་དུ་སེམས་ཏེ། ཉོན་མོངས་པ་དེ
304b2 དག་ལ་ནི་བསྟོབས་དང་མཐུ་ཅུང་ཟད་ཀྱང་མྱེད་དེ། ཉོན་མོངས་པ་དག་ནི་སྟོབས་བྱེད་པ་ཉམས་ཅུང་བ་དག་གོ།། དེ་དག་ནི་ཡང་དག་པ་ལ་ཅུང་ཟད་ཀྱང་མྱི་གནས་ཀྱི། ཉོན་མོངས་པ་དེ་དག་ནི་ཡང་དག་པ་མ་ཡིན་པ
304b3 བ་ཀུན་བརྟགས་པ་དག་སྟེ། དེ་དག་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ། ཚུལ་བཞིན་ཡིད་ལ་བྱེད་པས་བརྟགས་ན་འཕྲུགས་པར་མྱི་འགྱུར་བས། བདག་གིས་དེ་དག་ལ་ཅི་ནས་ཀྱང་འདྲེ་བར་མྱི་འགྱུར་བ་དེ་ལྟ་དེ་ལྟར
304b4 བརྟག་པར་བྱའོ།། ཉོན་མོངས་པ་རྣམས་ཀྱང་ཀྱི་འདྲེ་བ་ནི་ལེན། དས་པ་ཡིན་གི། འདྲེ་བ་ནི་མ་ཡིན་ནོ།། གལ་ཏེ་བདག་ཉོན་མོངས་པ་རྣམས་དང་འདྲེ་བར་གྱུར་ང་ལ། ཉོན་མོངས་པའི་བཅིང་བས་བཅི
304b5 པའི་སེམས་ཅན་རྣམས་ཀྱི། ཉོན་མོངས་པའི་བཅིང་བ་སྤངས་པའི།། ཕྱིར་ཇི་ལྟར་ཆོས་བསྟན་གྱིས། བདག་ཉོན་མོངས་པ་རྣམས་དང་། མྱི་འདྲེས་པར་བྱས་ལ་ཉོན་མོངས་པའི་བཅིང་བ་སྤང་བའི་ཕྱིར།
304b6 སེམས་ཅན་རྣམས་ལ་ཆོས་བསྟན་པར་བྱའོ།། བདག་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར། གང་དག་འཁོར་བའི་རྒྱུན་བྱེད་ལ། དགེ་བའི་ཚེ་པ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་དེ་དག་དང་འདྲེ་བར་བྱའོ།།
304b7 སྙམ་མོ།། འཁོར་བའི་རྒྱུན་བྱེད་ལ། དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་དེ་དག་གང་ཞེ་ན། འདི་ལྟ་སྟེ་བསོད་ནམས་ཀྱི་ཚོགས་ཡོངས་སུ་བཙལ་བས་མྱི་ངོམས་པ་དང་། བསམས་བཞིན་དུ་སྲིད་པར
304b8 སྐྱེ་བ་ཡོངས་སུ་འཛིན་པ་དང་། སངས་རྒྱས་དང་ཕྲད་པར་སྨོན་པ་དང་། སེམས་ཅན་ཡོངས་སུ་སྦྱིན་པར་བྱ་བ་ལ་ཡོངས་སུ་མྱི་སྐྱོ་བ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་འཚོན་པ་དང་། སེམས་ཅན་གི་བྱ་བ་ཅི་ཡོད
304b9 སྙམ་པ་ལ་སྤྲོ་བ་དང་། ཆོས་འདོད་པའི་བག་ལ་ཉལ་མྱི་འདོར་བ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་རྣམས་ཡོངས་སུ་མྱི་གཏོང་བའོ།། བློ་གྲོས་རྒྱ་མཚོ་དེ་དག་ནི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་རྣཾས




iiif viewer powered by OpenSeadragon

304a - 305a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo