e-texts navigator
Collection
Volume
Page
Wylie

304a1 པ་མྱེད་པའི་སྣོད་ལ་ནི་རྣམ་པར་རྟོག་པ་གང་ཡང་མྱེད་དོ།། དེ་ལ་རས་གཤོག་པོའི་ཡུག་ལྟ་བུར་ནི་ཉན་ཐོས་ཀྱི་ཐེག་པ་པ་ལྟའོ།། རས་ཕྲན་གི་ཡུག་ལྟ་བུ་ནི་རང་སངས་རྒྱས་ཀྱི་ཐེག་པ་པ་ལྟའོ།། རིན་ཟར
304a2 མྱེད་པའི་རས་བཅོས་བུའི་ཟུང་ལྟ་བུར་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་བལྟའོ།། བློ་གྲོས་རྒྱ་མཚོ་ཆོས་རྣམས་ནི་སྙིང་པོ་མྱེད་པ། བྱེད་པ་པོ་མྱེད་པ། བདག་མྱེད་པ། སེམས་ཅན་མྱེད་པ། སྲོག་མྱེད་པ། གང
304a3 ཟག་མྱེད་པ། བདག་མྱེད་པ་སྟེ། འདི་ལྟར་ཇི་ལྟར་འདོད་པ་དེ་ལྟར་རྣམ་པར་བསྒྲུབ་སྟེ། རྣམ་པར་བསྒྲུབས་ཀྱང་སེམས་པ་མ་ཡིན། རབ་ཏུ་རྟོག་པ་མ་ཡིན་པ་ལ་ལྟོས།། བློ་གྲོས་རྒྱ་མཚོ་ཆོས་རྣམ་པར་བསྒྲུབས་པ་འདི་ལ
304a4 མོས་པའི་བྱང་ཆུབ་སེམས་དཔའ་ནི། ཆོས་གང་ལ་ཡང་ཡོངས་སུ་སྐྱོ་བ་མྱི་སྐྱེད་དོ།། དེ་དེ་ལྟར་ཡེ་ཤེས་མཐོང་བ་ཤིན་ཏུ་རྣམ་པར་དག་པ་ཡིན་ཏེ། འདིར་གང་ལ་ཡང་ཕན་པ་འམ། གནོད་པ་མྱི་བྱེད་དོ།། དེ་ལྟར་ཆོས་རྣམས
304a5 ཀྱི་ཆོས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ནི་སྙིང་རྗེ། ཆེན་པོའི་གོ་ཙ་དེ་ཡང་མྱི་འདོར་རོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ནོ།། ནོར་བུ་རིན་པོ་ཆེ་བྱེད་དུ་རྱ་རིན་ཟང་མྱེད་པ་ཤིན་ཏུ་བྱུང་།
304a6 ཤིན་ཏུ་རྣམ་པར་དག་པ། ཤིན་ཏུ་དྲི་མ་མྱེད་པ། རྫས་ཀྱི་ནང་དུ་བ་ཅུག་ལ་ལོ་སྟོང་ལོན་ལ། དེ་ལོ་སྟོང་འདས་ནས་རྫས་དེ་ནས་བྱུང་སྟེ་བཀྲུས་ཤིང་ཡོངས་སུ་སྦྱངས་ཏེ། བྱི་དོར་བྱས་ན་ཤིན་ཏུ་དག་ཅིང
304a7 ཤིན་ཏུ་ཡོངས་སུ་དག་ལ་ཤིན་ཏུ་བྱང་ནས། དེ་ཉིད་དག་པ་དྲི་མ་མྱེད་པའི་ནོར་བུ་རིན་པོ་ཆེའི་རང་བཞིན་མྱི་འདོར་རོ།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔལ་ཡང་སེམས་ཅན་ཐམས་ཅད་ཀྱི་སེམས་རང་བཞིན་གིས
304a8 འོད་གསལ་བར་རབ་ཏུ་ཤེས་ལ། དེ་ཡང་གློ་བུར་གི་ཉེ་བའི་ཉོན་མོངས་པས། ཉོན་མོངས་པ་ཅན་བྱས་པར་མཐོང་ངོ་།། དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ཉོན་མོངས་པ་འདི་དག་ནི་སེམས་ཅན་རྣམས་ཀྱི
304a9 སེམས་རང་བཞིན་གིས་འོད་གསལ་བཞུགས་པ་མྱེད་གི། ཉོན་མོངས་པ་དེ་དག་ནི་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་ལས་བྱུང་དུ་ཟད་པས་བདག་གིས་སེམས་ཅན་དེ་དག་གི་བློ་བུར་གི་ཉོན་མོངས་པ་སྤངས་པའི




iiif viewer powered by OpenSeadragon

303b - 304b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo