| e-texts navigator |
| Wylie |
303b1 ཉིད་ལ་ཡང་གནས་ལ། སེམས་ཅན་ལོག་པ་ཉིད་དུ་མཆིས་པ་རྣམས་ལ་ཡང་དག་པ་ཉིད་ཀྱི་ངེས་པར་གྱུར་པའི་སླད་དུ་ཆོས་ཀྱང་སྟོན་ཅིང་། བསམ་པ་ཡོངས་སུ་མ་རྫོགས་ཀྱི་བར་དུ་བདག་ངེས་པར་གྱུར་པ་དེར་ཡང་གྱི་སུང།
303b2 རོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་ས་ལ་ཏོ།། བློ་གྲོས་རྒྱ་མཚོ་དེ་དེ་བཞིན་ནོ།། ཇི་སྐད་སྨྲས་པ་བཞིན་ཏེ། བྱང་ཆུབ་སེམས་དཔའ་ཐ།
303b3 ཅད་དུ་ཐབས་ལ་མཁས་པ་འདོད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ལ་བྱང་ཆུབ་ཡོད་དོ།། ཐབས་ལ་མྱི་མཁས་པའི་ལ་ནི་བྱང་ཆུབ་མྱེད་དོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ།
303b4 དཔེར་ན། སྣོད་གཅིག་གི་ནང་དུ་མཚོན་སྣ་གསུམ་སྟེ། སྣ་གཅིག་ནི་ཁ་དོག་སྔོན་པོ། སྣ་གཅིག་ནི་ཁ་དོག་དམར་པོ། སྣ་གཅིག་ནི་ཀ་སེར་ཀི་ཁྭ་དོག་ལྟ་བུ་སེར་པོ་བླུགས་ལ། མཚོན་གྱི་སྣོད་ཅིག་པོར་དེར་རས་2།
303b5 བསྒྱུར་གསུམ་སྟེ། གཅིག་ནི་རས་ཤོག་པོར་ཡུག་སེར་པོ་ཁ་བསྐུ། ར་བ་ཅིག་ནི་རས་ཕྲན་ཡུག་དམར་པོ་ཁ་བསྒྱུར་བ་གཅིག་ནི་རས་པ། ཆོས་བུ་རིན་ཐར་མྱེད་པ་སེར་པོ་ཀསེར་གི་ཁ་དོག་ལྟ་བུའི་སྦྱར་བརྦུ
303b6 ཅིག་བཅུག་ལ།། དེ་དག་སྣོད་གཅིག་གི་ནང་དུ་བཅུག་སྟེ། བསྲུབས་ན་ཇི་ལྟར་མཁན་སྦྱར་མའི་བྱེ་བྲག་བཞིན་དུ་མཚོན་འཛིན་ཏེ། གར་མཚོ་ན་སྔོན་པོར་ཁ་བསྒྱུར་བ་དེ་ནི་ཁ་དོག་སྔོན་པོར་འགྱུར།། གར་མ།
303b7 དམར་པོས་ཁ་བསྒྱུར་བ་དེ་ནི་ཁ་དོག་དམར་པོར་འགྱུར།། གང་མཚོན་སེར་པོ་གསེར་ལ་བུར་ཁ་བསྒྱུར་བ་དེ་ནི་ཁ་ཇོག་སེར་པོ་གསེར་ལྟ་བུར་འགྱུར་ཡང་སྣོད་དེ་ལ་ནི་རྣམ་པར་རྟོག་པར་འགྱུར་བ་གར་ཡང་མྱེད་དོ།། ཟློ་ཀྲ
303b8 རྒྱ་མཚོ་དེ་བཞིན་དུ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་སྣོད་གཅིག་ལ་གང་ཟག་གསུམ་སྟེ། གཅིག་ནི་ཉན་ཐོས་ཀྱི་ཐེག་པ་པ། གཅིག་ནི་རང་སངས་རྒྱས་ཀྱི་ཐེག་པ་པ། གཅིག་ནི་ཐེག་པ་ཆེན་པོ
303b9 ལ་ཡང་དག་པར་ཞུགས་པ།། བཅུད་དེ་དག་བཅུད་། གང་གིས་ཅི་འདྲ་བའི་བསམ་པ་དང་། སེམས་གི་མཚོན་བསགས་པ་དེ་འདྲ་བ་ཡེ་ཤེས་གི་མཚོན་ཡོངས་སུ་འཛིན་ཀྱང་། སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྤོན