e-texts navigator
Collection
Volume
Page
Wylie

303a1 མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་ན་ཕ་རོལ་ཏུ་ཕྱི་ནད་པའི་མྱིར་མྱི་ཐོབ་ཀྱི། གང་གི་ཚེ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་གྱུར་ད་པ་དེའི་ཚེ། ཕ་རོལ་ཏུ་ཕྱིནད་པའི་མྱིང་འཐོབ་བོ།། བློ་གྲོས་རྒྱ་མཚོ
303a2 འདི་ལྟ་སྟེ་དཔེར་ན། གསེར་དུལ་མའི་གར་བུ་ཡོངས་སུ་མ་བསྒྱུར་ན། རྒྱན་གྱི་མྱིར་མྱི་འཐོབ་སྟེ། གསེར་གི་གར་བུ་གཉིད་གི་གྲངས་སུ་འགྲོའོ།། དེ་ཉིད་ཡོངས་སུ་བསྒྱུར་ན་རྒྱན་གི་མྱིང་འཐོབ་བོ།། བློ་གྲོས་རྒྱ་མཚོ་དེ་བཞྀ
303a3 དུ་བྱང་ཆུབ་སེམས་དཔའི་དགེ་བའི་ཚ་བ་ཡང་ཡོངས་སུ་མ་བསྔོས་ན། ཕ་རོལྡ་ཏུ་ཕྱིན་པའི་མྱིར་མྱི་འཐོབ་བོ།། དེ་ཉིད་ཡོངས་སུ་བསྔོས་ན་ཕ་རོལ་ཏུ་ཕྱིནད་པའི་མྱིང་འཐོབ།། བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན་བྱང་ཆུབ་སེ
303a4 དཔས་རྟག་པར་རྒྱུ་ནད་ཏུ་འདྲེས་པའི་ཡིད་ཀྱིས་དགེ་བའི་ཆ་པ་བཆགས་ཤི་དྲ་བ་ཆགས་པ་རྣམས་ཐམས་ཅད་མཁྱེནད་པ་ཉིད་དུ་ཡོངས་སུ་བསྔོ་བར་བྱའོ།། ཐམས་ཅད་མཁྱེནད་པ་ཉིད་དུ་ཡོངས་སུ་བསྔོས་པ་བྱང
303a5 ཆུབ་སེམས་དཔའ་ནི་ཆོས་ཟབ་མོ་རྣམས་ལ་ཡང་སྤྱོད་ལ། བར། སྐབས་སུ་ཡང་ཡང་དག་པའི་མངོན་གསུམ་དུ་མྱི་བྱེད་དོ།། ཡོངས། སུ་བསྔོ་བའི་ལེའུ་ཞེས་བྱ་སྟེ། དགུ་པའོ།།
303a6 དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམ་ས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡ་ན་འདས་བྱང་ཆུབ་སེམས་དཔའ་གང་འཁྲུལ་པ་འདི་སྙེད་ཅིག
303a7 སྲུང་ཡང་འཁྲུལྡ་པར་མྱི་འགྱུར་བ་ནི་བགྱིར་དཀར་བགྱིད་པའོ།། བཅོམ་ལྡན་འདས་དེ་ལྟ་ལགས་ཀྱིས་ཀྱང་བྱང་ཆུབ་སེམས་དཔས་ཐམས་ཅད་དུ་ཡོངས་སུ་བསྔོ་བ་ལ་མཁས་པ་དང་། ཐབས་ལ་མཁས་པ་འཚལ་ད་པར
303a8 བགྱིའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བབས་ཀྱིས་ནི་བྱང་ཆུབ་སེམས་དཔའ་བསམ་གཏན་དང་། རྣམ་པར་ཐ་རད་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་ཀྱང་། བསམ་གཏན
303a9 དང་། རྣམ་པར་ཐ་དད་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ཀྱིས་འཁྲུལྡ་པར་མྱི་འགྱུར་ཏེ། ཐབས་མཁས་པ་དེས་བགྱི་བ་ཐམས་ཅད་ཀྱང་སྟོན་ལ། བགྱི་བར་ལྟུང་ཡང་མྱི་འགྱུར། ཆོས་མཉམ་པ།




iiif viewer powered by OpenSeadragon

302b - 303b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo