| e-texts navigator |
| Wylie |
302a1 རྒྱས་ཀྱི་རྣམ་པར་གྲོལ་བར་མྱི་ལྟུང་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་སྦྱང་བའི་བྱེད་པའི་ཁྱད་པར་ལ་ལྟོས།། ཟོ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། མྱི་གཉིས་ཤིག་ཡོད་ལ། དེ་ལ་གཅིག་ནི་བདག་རྡོ་རྗེ་གོ་ཆ་བཀོ།
302a2 ནས་མེ་འབར་བའི་ནང་དུ་མཆོངས། མྱི་གཅིག་བགོས་ནི་བདག་ཚྭ་དང་སོག་མའི་གོ་ཆ་བགོས་ནས་མེ་འབར་བའི་ནང་དུ་མཆོངས་ན།། ། བློ་གྲོས་རྒྱ་མཚོ་འདི་ཇི་སྙམ་དུ་སེམས།། མྱི་དེ་གཉིས་ལས་གང་ཚིག་པར་འགྱུར། ཀང
302a3 ཚིག་པར་མྱི་འགྱུར།། གསོལྡ་པ། བཅོམ་ལྡན་འདས་མྱི་གང་རྡོ་རྗེའི་གོ་ཆ་འཚལ་ནས།། ཞུགས་འབར་བའི་ནང་དུ་མཆོངས་པ་དེ་ནི་རྡོ་རྗེའི་གོ་ཆ་དེས་ཡོངས་སུ་བསྲངས་པས། ཞུགས་ཀྱི་ནང་དུ་མཆིས་ཀྱང་མྱི་ཚིག
302a4 གོ།། བཅོམ་ལྡན་འདས་ཀྱི་གང་ཨ་དང་སོག་མའི་གོ་མ་འཚལང་ནས། ཞུགས་འབར་བའི་ནང་དུ་མཆོངས་པ་དེ་ནི་དེར་མཆོངས་སུ་བག་ཏུ་ཚིག་པར་འགྱུར་རོ།། དེ་ཅིའི་སྲད་དུ་ཞེ་ན། བཅོམ་ལྡན་འདས་རན་དང་སོག
302a5 མའི་ནི་ཚིག་མའི་བདག་ཉིད་ལགས་ཏེ། ཞུགས་ཀྱི་ཚིག་པ་བསྲུང་མྱི། བཟོད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སཿལད་པ། བློ་གྲོས་རྒྱ་མཚོ་ཇི་ལྟར་རྡོ་རྗེའི་གོ་ཆ་བགོས་པའི་མྱི་དེ་མེའི་ནང་དུ་སོར་ཡང
302a6 མྱི་ཚིག་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་བྱམས་པ་ཆེན་པོ་དང་། སྙིང་རྗེའི་གོ་ཙ་དང་། ལྷག་པའི་བསམ་པ་སྲ་བ་རྡོ་རྗེའི་གོ་ཆ་བགོས། ནས། སེམས་ཅན་རབ་ཏུ་ཐར་པར་བྱ་བར་དམྱིགས་པ་ལ་གནས
302a7 ཆ་མ་ཁམས་ཅད་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོནད་པ་མྱེད་པ་དང་། མངོན་པར་འདུ་མྱི་བྱེད་པ་དང་། མ་སྐྱེས་པ་དང་། མ་བྱུང་བར་ཡང་རྟོག་པ་ཡང་བཏང་ལ། ཞི་བའི་ཏིང་ངེ་འཛིན་དེ་ལ་ཡང་སྙོམས་པར་འཇུ
302a8 ཅིང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ངེས་པར་གྱུ་རད་པ་ཡང་གྱི་འཇུག་འབྲས་བུ་ཐོབ་པར་ཡང་མྱི་བྱེད་པར་ཏིང་ངེ་འཛིན་དེ་ཡང་མྱོང་ཞིང་པི་ལད་ཀྱིས་མནན་ཏེ། ཡང་མ་ཉམས་མ་སྣང་བར་ལྡང་ངོ་།། ལངས་ནས་ཀྱང་སངས
302a9 རྒྱས་ཀྱི་ཡོངས་སུ་སྦྱོར། སངས་རྒྱས་ཀྱི་ཞིང་ཤེས་ཡོངས་སུ་རྫོགས་པར་བྱེད་དོ།། བློ་གྲོས་རྒྱ་མཚོ་ཇི་ལྟར་ཧཱ་དང་སོག་མའི་གོ་ཅ་བགོས་པའི་མྱི་མཆོངས་མ་ཐག་ཏུ་མྱེས་ཚིག་པར་འགྱུར་བ་དེ་བཞིན་དུ། ཟོ་གྲོས་རྒྱ་མཚོ་ཉན་ཐོས