| e-texts navigator |
| Wylie |
301b1 གི་རིགས་མྱི་འཆད་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད།། ལུས་ཀྱི་རྒྱན་དང་། མཚན་དང་། དཔེའ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དེ། ཚིག་གི་རྒྱན་དང་། ཆོས་བསྟནད་པའོ།
301b2 ཡོད་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་སེམས་ཀྱི་རྒྱན་དང་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ལས། མྱི་གཡེང་བར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དེ། དེ་བསྒྲིབ་པ་མྱེད་ཅིང་ལྷུན་གྱིས་གྲུབ་པར་དགེ་བའི
301b3 པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མྱི་སྔོའོ།། སྡོན་བབས་མཁས་པས་ཡོངས་སུ་བསྔོས་པ་དེས། ཐེག་པ་གཞན་དུ་གྱི་ལྟུང་ཞིང་མཉམ་པར་བཞག་ཀྱང་རུང་། ལངས་ཀྱང་རུང་སྟེ། བརྒྱ་ལམ་ན་ཡང་བྱང་ཆུབ་ཀྱི་ཕྱོག
301b4 ཀྱི་ཆོས་རྣམས་བསྒོམ་པ་ཡོངས་སུ་རྫོགས་པར་མྱི་འགྱུར་མྱི་སྲིད་དོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན། དགེ་སློང་འགོག་པ་ལ་སྷོ། དམས་པར་འཇུག་པའི་ཚེ་ཀ་ན་དེའི་སྒྲ་ལ་གནས་པར་བྱ་སྟེ།། ལྟོས
301b5 བར་ཞུགས་ནགན་འདིའི་ན་ནམ་ནས་ལ་ཡར་གྱི་གནས་མ་འབྲེལ་མོད་ཀྱི། གས་འདིའི་སྒྲ་དེས་འགོག་པ་ལས་ལྡང་ཛ།། བློ་གྲོས་། རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་འམས།
301b6 ཅད་རབ་ཏུ་ཐརྡ་པར་བྱ་བའི་ཕྱིར། སྙིང་རྗེ་ཆེན་པོ་ལ་གནས་པར་བྱ་སྟེ། བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱ། ཡོངས་སུ་དགྲོལ་བར་བྱའོ།། ཞེས་བྱང་ཆུབ་ཀྱི་རྣམ་པས་མངོན་པར་བསྒྲུབས
301b7 པའི་བྱམས་པས་སེམས་ཅན་ཐམས་ཅད་ཁྱབ་པར་བྱས་ནས་ཟབ་པ་ཟབ་མོར་སྣར་བ། སེམས་དང་ཡིད་དང་རྣམ་པར་ཤེས་པ་མྱི་རྒྱུ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཀྱང་།། དེ་སྔོན་སེམས་ཅན་རབ་ཏུ་ཐརྡ
301b8 པར་བྱ་བའི་སྙིང་རྗེ་ཆེན་པོ་ལ་གནས་པ་དེ་དག་དང་ལྡན་པར་ཉན་ཐོས་ཀྱི་སར་མྱི་ལྟུང་། རང་སངས་རྒྱས་ཀྱི་སར་གྱི་ལྟུང་སྟེ། དྲན་པ་དང་ཤེས་བཞིན་གིས་ཏིང་ངེ་འཛིན་དེ་ལས་ལངས་ནས། ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཚེ།
301b9 རྣམས་ཡང་དག་པར་བསྒྲུབ་ཅིང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྦྱིན་པར་བྱེད་དོ།། བློ་གྲོས་རྒྱ་མཚོ་འདི་ལྟར་ཞི་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཀྱང་། ཉན་ཐོས་ཀྱི་རྣམ་པར་གྲོལ་བ་འམ། རང་སངས