e-texts navigator
Collection
Volume
Page
Wylie

301a1 པབ་སྟེ། ཡལ་བར་བོར་ནས་ཉལ་བ་དང་། དེ་ནས་ཀྱི་དེ་ཉལ་ཡང་ཡུར་བ་ཇི་ལྟར་གཏོད་པ་བཞིན་དུ་ཆུ་འབབ་པ།། དེ་ལ་མྱི་དེ་བརྩོན་པར་བྱ་མྱི་དགོས་ཤིང་བསྒྲིམ་མྱི་དགོས་པར་ནང་ཐམས་ཅད་ཆུས་གང
301a2 བར་འགྱུར།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མཉམ་པར་མ་གཞག་ཀྱང་དགེ་བའི་ཉ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱི་རྒྱུད་རྣམས་ལ་ཡོངས་སུ་བསྔོ་བར་བྱེད་དེ། ཐམས་ཀྱིས་དངོས་པོ་ཇི་ལྟ
301a3 བ་བཞིན་དུ་དགེ་བའི་ཆ་བ་དེ་དག་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཕྱིར་ཡོངས་སུ་སྔོའོ།། དེ་བསམ་བཞིན་ཏུ་ཡོངས་སུ་དག་ཅིང་། ཚུལ་ཁྲིམས་ཀྱི་ཕུར་པོ་ཀུན་ཏུ་བསྲུངས་པའི་ཕྱིར། མཉམ་པར་བཞག་པར
301a4 གནས་ཀྱང་དགེ་བའི་ཆ་བ་དེ་དག་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཕྱིར་ཡོངས་སུ་སྔོ་ཞིང་། སྨོད་ལམ་ལེགས་པར་བཏབ་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་རྒྱུད་རྣམས་ཆན་པར་བྱེད་དོ།། ཐེ་གྲོས་རྒྱ་མཚོ
301a5 ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་། ཇི་ལྟར་བྱང་ཆུབ་སེམས་དཔའ། མཉམ་པར་བཞག་པ་ལས་ལངས་ཀྱང་རུང་སྟེ། དགེ་བའི་ཆ་བ། རྣམས་སྔོན་ཤིན་ཏུ་འཕངས་པ་དང་། སེམས་ལས་སུ་རུང་བ་དང་།
301a6 དྲན་པ་མྱི་གཡེང་བ་དང་། ཐེག་པ་དམའ་བ་དང་། བྲལ་བ་དང་། ཐེག་པ་ཆེན་པོར་སྨོན་ལམ་བཏབ་པའི་ཕྱིར་དགེ་བའི་རྩ་བ་རྣམ་ས་བརྒྱ་ལམ་ན་ཡང་། ཐམས་ཅད་མཁྱེན་པར་ཡོངས་སུ་མྱི
301a7 སྔོ་མྱ་སྲིད་པར་འདི་ལྟར་རིག་པར་བྱའོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན་རི་སུལ་ཆེན་པོ་ཞིག་ན། ཤིང་ཞིག་སྐྱེ་ལགྱུར་ད་ལ་དེ་མྱི་ཞིག་གིས་ཆབ་ནས་བཅད་པར་བཚམས་ནས།། དེ་ཚོད་མ་ཐག་གང་དུ་ཡོ་ལ།
301a8 དང་། གར་དུ་ཕྱོགས་པ་དེར་འགེལང་ཏོ།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་། ཡུན་རིང་པོ་ནས་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ།། ཐམས་ཅད་མཁྱེན་པ་ཉིད་ལ་འབབ་པས་དགེ
301a9 བའི་ཨཔ་ཐམས་ཅད་སོཚོགས་ཏེ། སཆགས་ནས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་བྱེད། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱབས་པའི་ཕྱིར། ཡོངས་སུ་བསྔོ་བར་བྱེད། དཀོན་མཆོག་གསུམ




iiif viewer powered by OpenSeadragon

300b - 301b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo