e-texts navigator
Collection
Volume
Page
Wylie

300b1 བུར་ཤེས་པའོ།། གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་ནི། ཕུང་པོ་རྣམས་ལ་ཆོས་ཀྱི་ཕུང་པོ་དང་། མཉམ་པ་ཉིད་དང་ཁམས་རྣམས་ལ་ཆོས་ཀྱི་དབྱིངས་དང་། མཉམ་པ་ཉིད་དང་། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པ་ལྟ།
300b2 བུར་སོ་སོར་རྟོག་པའོ།། གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་ནི་སྟོང་པ་ཉིད་ལ་མོས་པ་དང་། མཚན་མ་ལ་ཡིད་ཆེས་པ་དང་། སྨོན་པ་མྱེད་པ་ལ་སོམ་ཉི་མྱེད་པ་སྟེ། བློ་གྲོས་རྒྱ་མཚོ་འཁོར་གསུམ་ཡོངས་སུ་དག
300b3 པ་འདི་ནི། ཆོས་ཐམས་ཅད་ཡོངས་སུ་དག་པར་འདི་ནི། ཆོས་ཐམས་ཅད་ཡོངས་སུ་དག་པར་འགྱུར་བའོ།། བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་འཁོར་གསུམ་ཡོངས་སུ་དག་པའི་ཡེ་ཤེས་ལ་མཁས་པར
300b4 བྱའོ།། ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ།། བམ་ཐོ།། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ
300b5 མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅི་ཙམ་དུ། སླར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆོས་ཟབ་མོ་འཚལ་པ། དང་ལྡན་པ་ནི་ངོ་མཚ་རད་ཏོ།། བཅོམ་ལྡན་འདས་ཆོས་འཚལར
300b6 པ་འདི་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཡོངས་སུ་བསྔོ་བ་ལ་མཁས་པ་ཅི་འདྲ་བ་ལགས།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ
300b7 འདི་སྐད་ཅེས་བཀའ་ས་ལར་ཏོ།། བློ་གྲོས་རྒྱ་མཚོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྔོན་གི་ཤུགས་ཀྱིས་བྱ་བ་བྱེད་དེ། དེ་དག་གང་གི་ཚེ་མཉམ་པར་བཞག་པར་གནས་པ་དེའི་ཚེ་ན་ཡང་། སྔོན་འ
300b8 པའི་ཡོངས་སུ་བསྔོ་བ་འཆི་ལམ་ན་ཆུང་ཟ་བར་མྱི་འགྱུར་རོ།། བློ་གྲོས་རྒྱ་མཚོ་དེའི་ཕྱིར་སྐྱེས་བུ་མཁས་པ་ཁ་ཅིག་དཔེའ་བསྟན་པས་བཤད་པའི་དོན་ཤེས་པར་འགྱུར་བས་ཁྱོད་ལ་དཔེའ་བྱའོ།། བློ་གྲོས་རྒྱ་མཚོ
300b9 ལྟ་སྟེ། དཔེར་ན། གང་གི་ཚེ་བུ་རམ་ཤིང་གི་ཞིང་ངམ། འབྲས་ས་ལུའི་ཞིང་ངམ། དགུན་གི་ཞིང་དང་བསྐལ་བྱས་པར་གྱུར་ད་པ་དེ་ལ་མྱི་ཤིག་གིས་ནང་ཐམས་ཅད་ལ་ཡུར་བ་ཅི་རིགས་པར་བཏོང་ནས།། དཀའ་ནས་ཆུ




iiif viewer powered by OpenSeadragon

300a - 301a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo