e-texts navigator
Collection
Volume
Page
Wylie

300a1 གྱུརྡ་པ་ཐམས་ཅད་ཡང་དག་པར་ཆད། རྟོག་པ་དང་རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་ཐམས་ཅད་ལས་ཤིན་ཏུ་འདས་ཤིང་། རྣམ་པར་ཤེས་པ་ཡུལ་ཐམས་ཅད་ལ་མྱི་གནས་ཏེ། ཏིང་ངེ་འཛིན
300a2 དྲུག་ཁྲི་མངོན་སུམ་དུ་གྱུར་པ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་དེས་པ་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས
300a3 ཤག་ཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་སྟོནང་ཏོ།། ལུང་བསྟན་པའི་བསྟནད་པ་དེ་ཡང་རའི་རྣ་བའི་དབང་པོ་ལ་གྲག་པར་ཡང་མྱི་གྱུར་ད་ན། ཡེ་ཤེས་གཞན་དུ་རིག་པར་ཡང་མ་གྱུར་། ར་ཀུན་ཏུ་རྨོངས་པར་ཡང
300a4 མ་གྱུར་པ། དམྱིགས་པར་ལྟ་བ་ལ་གནས་པ་ཡང་མྱེད། ང་སངས་རྒྱས་ལ་སངས་རྒྱས་སུ་འདུ་ཤེས་པ་ཡང་མྱེད། བདག་ལ་བདག་ཏུ་འདུ་ཤེས་པ་ཡང་མྱེད། ལུང་བསྟན་པའི་བསྟནད་པ་ལ་ཡང་ལུང
300a5 བསྟནད་པའི་བསྟནད་པར་འདུ་ཤེས་པ་ཡང་མྱེད་པར་གྱུར་ད་ཏོ།། བློ་གྲོས་རྒྱ་མཚོ་འདི་ནི་བྱང་ཆུབ་སེམས་དཔའི་འཁོར་གསུམ་ཡོ། ངས་སུ་དག་པའི་ལུང་བསྟན་པ་སྟེ། གང་ལ་སངས་རྒྱས་སུ་འཅུ
300a6 ཤེས་པ་མྱེད་པ་དང་། བདག་ཏུ་འདུ་ཤེས་པ་མྱེད་པ་དང་། ལུང་བསྟནད་པའི་བསྟནད་པར་འདུ་ཤེས་པ་མྱེད་པ་འདི་ནི་འཁོར་གསུམ་ཡོངས་སུ་དེ་ཀ་པ་ཞེས་བྱའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་འཁོར་གསུམ
300a7 ཡོངས་སུ་དག་པ་གང་ཞེ་ན། གང་ལ་བདག་ཏུ་འཛིནད་པ་མྱེད་པ་དང་། སེམས་ཅན་དུ་འཛིནད་པ་མྱེད་པ་དང་། ཆོས་སུ་འཛིན་པ་མྱེད་པ་དང་།། གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་ནི། གང་ལ་གྱིང་དུ་འཛིན་པ།
300a8 མྱེད་པ་དང་། གཟུགས་སུ་འཛིན་པ་མྱེད་པ་དང་། དམྱིགས་པར་འཛིནད་པ་མྱེད་པའོ།། གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་ནི། འདས་པ་ལ་ཟད་པར་འདུ་ཤེས་པ་དང་། མ་འོངས་པ་ལ་མ་ཕྱིན་པར་འདུ་ཤེས
300a9 པ་དང་། ད་ལྟར་བྱུང་བ་ལ་གནས་པ་མྱེད་པར་ཤེས་པའོ།། གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་ནི་ལུས་གཟུགས་བརྙན་ལྟ་བུར་ཤེས་པ་དང་། དག་ལ་བྲག་ཆ་ལྟ་བུར་ཤེས་པ་དང་། སེམས་ཅན་ལ་སྒྱུ་མ་ས།




iiif viewer powered by OpenSeadragon

299b - 300b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo