e-texts navigator
Collection
Volume
Page
Wylie

299b1 ཐ་གྲས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་བན་མོར་དག་ག།། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་བཞི་པོ་དེ་དག་གོ།། བློ་གྲོས་རྒྱ་མཚོ་དེ་ལ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེས་ནི།།
299b2 དེ་བཞིན་གཤེགས་པ་ལ་གཟུགས་དང་མཚན་དུ་མཐོང་ངོ་།། མྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཀར་ཡིན་པ་དེས་ནི། དེ་བཞིན་གཤེགས་པ་ལ་ཡོན་ཏན་ཡོངས་སུ་གྲུབ་པར་མཐོང་ངོ་།། ཕྱིར་མྱི་ལྡོག་པའི་བྱ།
299b3 ཆུབ་སེམས་དཔའ་གང་ཡིན་པ་དེས་ནི། དེ་བཞིན་གཤེགས་པ་ལ་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་མཐོང་ངོ་།། བློ་གྲོས་རྒྱ་མཚོ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེས་ནི། དེ་བཞིན་གཤེགས་པ་ལ།
299b4 གཟུགས་དང་མཚན་དང་ཡོན་ཏན་ཡོངས་སུ་གྲུ་དང་། སྐྱེ་བ་དང་རིགས་དྲང་རུས་དང་ཆོས་ཉིད་དུ་ཁས་མྱི་ལེན་ཏོ།། དེ་ཅིའི་ཕྱིར་ཞེ་ན། དེའི་མྱིག་ནི་ཤྭེས་རབ་ཀྱིས་རྣམ་པར་ལྟའོ།། ཤེས་རབ་ལ་གནས་པའོ།། ཤེས
299b5 རབ་ཏུ་ཡང་དག་པར་འདུ་བའོ།། ཤེས་རབ་ཀྱང་རྒྱུ་བ་མྱེད་པ། སྤྲོས་པ་མྱེད་པ་སྟེ། དེ་ནི་མཐོང་བ་མ་ཡིན་ན། མྱི་མཐོང་བ་ཡང་། མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། མཐོང་བ་ཡང་མ་ཡིན། མྱི
299b6 མཐོང་བ་དེ་གཉི་ག་མཐའ་སྟེ། མཐོང་བ་དང་མྱི་མཐོང་བའི་མཐའ་གཉིས་དང་བྲལ་བ་ནི་སངས་རྒྱས་མཐོང་བའོ།། སངས་རྒྱས་མཐོ་ར་བ་དེ་བདག་མཐོང་བ་སྟེ། བདག་མཐོང་བ་རྣམ་པར་དག་པས
299b7 སངས་རྒྱས་མཐོང་བ་རྣམ་པར་དག། སངས་རྒྱས་མཐོང་བ་རྣམ་པར་དག་པས། ཆོས་ཐམས་ཅད་འབོང་བ་རྣམ་པར་དག་པར་ཡོངས་སུ་ཆུད་པར་བྱའོ།། གང་མཐོང་བ་རྣམ་པར་དག་རྨེ་ལ་ཡེ་ཤེས་མཐོང་བ་འདམ།
299b8 སངས་རྒྱས་མཐོང་བ་ཞེས་བྱའོ།། བློ་གྲོས་རྒྱ་མཚོ་ངས་ཀྱང་དེ་བཞིན་གཤེགས་པ་མར་མེ་མཛད་དེ་ལྟར་མཐོང་སྟེ། མཐོང་མ་ཐག་ཏུ་ངས་ཐོབ་པ་མྱེད་པ་དང་། མྱི་དམྱིགས་པའི་ཚུལ་གྱིས། མྱི་སྐྱེ་བའི་ཆོས་ལ
299b9 བཟོད་པ་ཐོབ་བོ།། བཟོད་པ་ཐོབ་མ་ཐག་ཏུ་ས་ལས་ཤིང་ཏ་ལ་བདུན་ཙམ་དུ་འཕགས་ཏེ། ང་ནམ་མཁའི་དཀྱིལ་དེ་ལ་གནས་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱོར་ད་པ་ལ་རྣམ་པར་བརྟགས།། ལྟ་བར




iiif viewer powered by OpenSeadragon

299a - 300a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo