| e-texts navigator |
| Wylie |
299a1 སངས་རྒྱས་བྱུང་བ་ནི་སྒྲིབ་པ་ལྔ་བྱུང་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་སྐྱེ་མཆེད་དྲུག་བྱུང་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་རྣམ་པར་ཤེས་པའི་གནས་བདུན་བྱུང་བའོ།།
299a2 ལོག་པ་བརྒྱད་བྱུང་བའོ།། གནོད་པའི་དངོས་པོ་དགུ་བྱུང་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་སྐྱེ་མཆེད་བཅུའི་ལས་གི་ལམ་བྱུང་བའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སྡིག་པ་མྱི་དགེ་པའི་ཆོས
299a3 དེ་དག་སྤང་བའི་སླད་དུ། སངས་རྒྱས་བྱུང་བ་ལགས་ཀྱི།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་གཉེན་པོས་རབ་ཏུ་ཕྱེ་བ་ནི་མ་ལགས་ཏེ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་གཉེན་པོ་མ་མཆིས་པ་གཉེན་པོ་དང་།
299a4 བྲལ་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བའི་རྗེསུ་མཆི་བར་འཚལ་བའི་བྱང་ཆུབ་སེམས་དཔའས་རྗེས་སུ་འགྲོ་བ་མ་མཆིས་པའི་ཚུལ་གྱིས་དེ་ལྟར། སངས་རྒྱས་བྱུང་བའི་རྗེས་སུ་མཆི་བར།
299a5 བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སཿསད་པ། རིགས། ཀྱི་བུ་དེ་དེ་བཞིན་ནོ།། ཇི་སྐད་སྨྲས་པ་བཞིན་ཏེ། རྗེས་སུ་འགྲོབ་མྱེད་པའི་ཚུལ་གིས་སངས་རྒྱས་བྱུང་བའི་རྗེས་སུ་འགྲོ་བར
299a6 བྱ་སྟེ། སངས་རྒྱས་བྱུང་བ་ལ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་བྱུང་བའི་རྗེས་སུ་འགྲོ་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལར་ཏོ།།
299a7 བཅོམ་ལྡན་འདས་ལས་དང་པོ་པའི་བྱང་ཆུབ་སེམས་དཔལ་རྣམས་ཀྱིས་ནི་སངས་རྒྱས་འབྱུང་བ་འདི་ལྟ་བུ་འདི་མ་འཚལ་ན།། བཅོམ་ལྡན་འདས་དེ་དག་ལ་སངས་རྒྱས་འབྱུང་བ་ལྟ་མཆིས་སམ། བཅོམ་ལྡན
299a8 འདས་ཀྱིས་བཀའ་མཿལད་པ། བློ་གྲོས་རྒྱ་མཚོ་ཇི་ལྟར་སེམས་ཡོངས་སུ་དག་པ་བཞིན་དུ། དེ་དག་ལ་འདི་སངས་རྒྱས་འབྱུང་ངོ་།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་ནི་བཞི་པོ་འདི་དག་།
299a9 བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་དང་པོ་བསྐྱེད་པ་དང་པོའི་བྱང་ཆུབ་སེམས་དཔའ་དང་། དཔྱོད་པ་ལས་ཞུགས་པ་དང་། ཕྱིར་མྱི་ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་པའི་བྱང་ཆུབ་སེམས་དཔའ་སྟེ།