| e-texts navigator |
| Wylie |
298b1 གིས་མངོན་པར་སྟོད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལར་ཏོ།། བཅོམ་ལྡན་འདས་སངས་རྒྱས་འབྱུང་བ་ནི་རིན་པོ་ཆེ་བྱུང་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་བདེ་བ་བྱུང་བའོ།།
298b2 དྲན་པ་བྱུང་བའོ།། བྲོ་གྲོས་བྱུང་བའོ།། རྟོག་པ་བྱུང་བའོ།། ངོ་ཚ་ཤེས་པ་བྱུང་བའོ།། མོས་པ་བྱུང་བའོ།། སྦྱིན་པ་འབྱུང་བའོ།། ཚུལ་ཁྲིམས་བྱུང་བའོ།། བཟོད་པ་བྱུང་བའོ།། བརྩོན་འགྲུས་བྱུང་བའོ།། བསམ་གཏན
298b3 བྱུང་བའོ།། ཤེས་རབ་བྱུང་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི། བྱམས་པ་བྱུང་བའོ།། སྙིང་རྗེ་བྱུང་བའོ།། དཀའ་བའོ།། བཏང་སྙོམས་བྱུང་བའོ།། དོན་བྱུང་བའོ།། བདེན་པ་བྱུང་བའོ།། ཆོས་བྱུང
298b4 བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་ཡང་དག་པར་དགའ་བར་འགྱུར་བའི་ཆོས་བྱུང་བའོ།། དྲན་པ་ཉེ་བར་གཞག་པ་བྱུང་བའོ།། ཡང་དག་པར་སྤོང་བ་བྱུང་བའོ།། རྫུ་འཕྲུལ་གི་རྐང་པ་བྱུང་བའོ།།
298b5 དབང་པོ་བྱུང་བའོ།། སྟོབས་བྱུང་བའོ།། བྱང་ཆུབ་ཀྱི་ཡན་ལ། ཀ་བྱུང་བའོ།། ལམ་བྱུང་བའོ།། ཞི་གནས་འབྱུང་བའོ།། ལྷག་མ། བོར་བྱུང་བའོ།། མངོན་པར་ཤེས་པ་བྱུང་བའོ།། རིག་པ་བྱུ
298b6 པའོ།། རྣམ་པར་གྲོལ་བ་བྱུང་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི། མྱི་དགེ་བའི་ཆོས་ཐམས་ཅད་སྤོང་བ་དང་དགེ་བའི་ཆོས་ཐམས་ཅད་བྱུང་བའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེཾས
298b7 དཔའ་ཆེན་པོ་ཤེས་རབ་ལེགས་ཤེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ད་ཏེ། འདུག་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ཇི་ལྟར་བདག་གིས
298b8 འཚལ་བ་ལྟར་ན། བདག་འདི་སྙམ་བགྱིད་དེ། བཅོམ་ལྡན་འདས་འདི་ལྟར་སངས་རྒྱས་བྱུང་བ་ནི་འཇིག་ཚོགས་ལ་ལྟ་བ་བྱུང་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་མ་རིག་པ་དང་། སྲིད་པ་དང་།
298b9 སྲེད་པ་བྱུང་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བྱུང་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་ཕྱིན་ཅི་ལོག་བཞི་བྱུང་བའོ།། བཅོམ་ལྡན་འདས