| e-texts navigator |
| Wylie |
298a1 ཆོས་བྱིན་ཡོངས་རྟོག་རྣམ་རྟོག་མཉམ།། སེམས་དང་ཡིད་རྣམས་ཐམས་ཅད་ཉེ་བར་ཞི།། སེམས་ཡིད་ཞི་བར་གྱུར་ང་ལ་ཕྱག་འཚལ་ལོ།། རྒྱུ་དང་རྐྱེད་དང་བྱ་བ་རྣམས་ཀྱང་མཁྱེན།། རྒྱུ་ལས་བྱུང་བཱི།
298a2 རིམ་པ་འང་གསུང་བར་མཛད།། རྒྱུ་དང་རྐྱེན་ནི་རྣམ་གྲོལ་མཐའ་བ་སྟེ།། ཡང་དག་མཐའ་དང་མཉམ་པ་རབ་ཏུ་མཁྱེན།། འདིར་ནི་ཐམས་ཅད་མཉམ་པའི་གཟུགས་སུ་བཞུགས།། བདེ་གཤེགས་སྐུ་ནི་སྐུ་མ་ལཀྲ།
298a3 པར་མཐོང་།། ཁྱོད་ཀྱི་ཐུགས་ནི་རྣམས་རྟོག་མྱི་འགྱུར་བར།། ཁྱོད་ཀྱི་རྒྱ་ཆེན་གཟུགས་སྟོན་གཟུགས་མ་མཆིས།། ཕྱོགས་ན་རྒྱལ་བའི་ཞིང་རྣམས་ཇི་སྙེད་པ།། ཞིང་རྣམས་ཐམས་ཅད་ཞིང་འདིར་རབ་བཞུགས་ཀྱང
298a4 ཞིང་འདིར་རྣམ་པར་འཕེལ་བ་མ་མཆིས་ལ།། དེ་ནས་མ་གཡོས། འཕོས་པ་ཡང་མཆིས་མ་ལགས།། སེམས་ཀུན་སེམས་མ་མཆི་ས་པས་མཉམ་པའི་སེམས། སེམས་ནི་སྒྱུ་མ་འགྱུར་དང་རྟོག་མ
298a5 མཆིས།། བྱང་ཆུབ་སེམས་ནི་མཉམ་ཉིད་ཐུགས་སུ་ཆུད།། དེ་ནས་སངས་རྒྱས་མཉམ་པའི་ཆོས་ལ་གནས།། ཆོས་དབྱིངས།། མཉམ་པའི་དབྱིངས་ལ་རབ་ཏུ་ཞུགས།། ཆོས་རྣམས་ཐོས
298a6 ཅད་དངོས་པོ་འཇུག་མ་མཆིས།། དངོས་དང་དངོས་མྱེད་ཆགས་བྲལ་ཆགས་མཉམ་པ།། འགྲོ་བའི་དོན་མཛད་ཁྱོད་ལ་ཕྱག་འཚལ་ལོ།། གདུགས་དང་དགུང་ཟླ་དོག་སར་ལྷུར་ཡང་གདའ།། གསེར་མ
298a7 ཞགས་པས་བཟུང་དུ་རུང་ཡང་གདའ།། རི་རྒྱལ་ཁའི་དབུགས་ཀྱིས་གཏོ་རུང་།། རྒྱལ་བའི་གསུང་ནི་ལོག་པར་གསུང་ཀྱི་མངའ།། ཡང་དག་ཁོ་ན་གསུང་ཅན་ཡོངས་སུ་དག། ཐུགས་དག་ནམ་མཁའ་འདྲ་བཱི
298a8 ཐུགས་མངའ་བ།། འཇིག་རྟེན་ཆོས་དང་རྙེད་དང་ངེས་པ་བསལ། པད་མེ་ལྟ་བུ་སྲིད་གསུམ་ཆགས་མྱི་མངལ། སྔགས་པའི་ཕྲེང་བ་གསན་ཀྱང་དགྱེས་མྱི་འགྱུར།། སྤང་པ་གསན་ཀྱང་ཞེ་སྡང་ཡོད་མྱི་མངའ།།
298a9 རི་རབ་ལྟ་བུར་ཡོངས་སུ་རྟོག་ལས་གྲོལ།། གྲོལ་བ་བདེ་ཚོལ་ཁྱོད་ལ་ཕྱག་འཚལ་ལོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དེ་དག