| e-texts navigator |
| Wylie |
297b1 རྡོ་རྗེའི་ཚིག་དེ་དག་བྱང་ཆུབ་སེམས་དཔའ་གང་གིས་ངེས་པར་རྟོགས་པའི་དོན་དུ་ཁོང་དུ་ཆུད་པ་དེ། བྱང་ཆུབ་གི་སྙིང་པོར་གནས་ཏེ། སེང་གེའི་ཁྲི་ལ་འདུག་པའོ།། ཞེས་ར་སྨྲའོ།། བཅོམ་ལྡན་འདས་ཀྱིས་སྒོའི་ཚིག
297b2 དང་། ཕྱག་རྒྱའི་ཚིག་དང་། རྡོ་རྗེའི་ཚིག་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་བརྒྱད་སྟོང་གིས་ཆོས་ཐམས་ཅད་ཀྱི་ཕྱག་རྒྱའི་སྒོ་ལ་འཇུག་པའི་གཟུངས་ཐོབ་པར་གྱུར་ཏོ།། སེམས་ཅན་ཐམས་ཅད་ཀྱི་བསམ་པ་མཿ
297b3 བ་ཉིད་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་ཐོབ་བོ།། དེ་ནས་ཕྱོགས་བཅུའི་འཇིག་རྟེན་གི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བསྟནད་པ་འདི་ཐོས་ནས་ཚིམ་ཞིང་མགུ
297b4 སྟེ། ཡི་རང་ནས་མངོན་པར་ཤེས་པའི་རྫུ་འཕྲུལ་གི་སྟོབས་གིས། སངས་རྒྱས་ཀྱི་ཞིང་གང་དང་གང་ནས་ལྷགས་པ་དག་འདི་ལྟ་སྟེ། བཅོམ་ལྡན་འདས་ལ་མཆོད་པ་དང་། ཆོས་ཀྱི་རྣམ་གྲངས་འདི
297b5 ཡང་ཡུན་རིང་དུ་གནས་པའི་ཕྱིར་སངས་རྒྱས་ཀྱི་ཞིང་དེ་དག་ན་མེ་ཏོ།། ག་དང་། སྤོས་དང་། འཕྲེང་བ་དང་། བྱུག་པ་ཅི་འདྲ་བ་ཡོད་པ་དེ་འདྲ་བའི་མེ་ཏོག་དང་། སྤོས་དང་། འཕྲེང་བ་དང་། བྱུག་པ་དག
297b6 ཆར་ཆེན་པོ་མངོན་པར་ཕབ་བོ།། དེ་དག་གིས་བཅོམ་ལྡན་འདས་ལོ་མངོན་པར་མཆོད་པ་བྱས་ནས།། སྒྲ་སྐད་དང་པ་རོ་གཅིག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ།། གཟུགས་གི་མཚན་ཉིད་མཚན
297b7 གཞི་མྱེད་གཟིགས་པ།། མཚན་ཉིད་གཅིག་གིས་མཚན་གཞི་བྲལ་སྟོན་པ།། མཚན་ཀུན་མཚན་གཞི་མ་མཆིས་མཚན་གཞི་མཉམ།། ཡང་དག་མཚན་གནས་ཁྱོད་ལ་ཕྱག་འཚལ་ལོ།། སེམས་ཅན་ཀུན་གྱི་སྐད
297b8 དང་སྦ་ལ་ཞུགས།། སྐད་ལ་ཞུགས་པའི་ཡེ་ཤེས་དེ་ལའང་ཞུགས།། སྒྲ་སྐད་དབྱངས་རྣམས་ཀུན་ལས་རྣམ་པར་གྲོལ།། སེམས་གྲོལ་མཉམ་པའི་སེམས་ལ་ཕྱག་འཚལ་ལོ།། སེམས་ཀྱི་རྒྱ་བ་རྒྱ་ཆེན་གྱི་མཆིས
297b9 པ།། རྒྱུ་བའི་སེམས་དང་མཉམ་ཉིད་ཐུགས་སུ་ཆུད།། རབ་ཏུ་མྱི་ཆུ་རྒྱུ་མཉམ་རྒྱུ་མྱི་མངའ།། མཁའ་འདྲའི་ཐུགས་དང་ལྡན་ལ་ཕྱག་འཚལ་ལོ།། ། མཆིས་དང་མ་མཆིས་མཐའ་དང་མཐའ་མ་ལགས།། ཆོས་དང