| e-texts navigator |
| Wylie |
297a1 གཤེགས་པའི་གསུང་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་ཆོས་བརྗོད་དུ་མྱེད་པར་རྟོགས་པར་འགྱུར་བའོ།། འཆི་འཕོ་མྱེད་པའ་ལ་འཇུག་པའི་ཕྱིར། ཆོས་ཐམས་ཅད་མ་སྐྱེས་པ་འདི་རྡོ་རྗེའི་ཚིག་སྟེ།
297a2 རྡོ་རྗེའི་ཚིག་འདི་ནི་སྐྱེ་བ་དང་རྒ་བ་དང་། ན་བ་དང་། འཆི་བའི་ལམ་ལས་ཤིན་ཏུ་འདའ་བར་འགྱུར་བའོ།། འགོག་པ་མྱེད་པ་ལ་འཇུག་པའི་ཕྱིར། ཆོས་ཐམས་ཅད་མ་བྱུང་བ་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་ཆོས་བསད
297a3 སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པར་འགྱུར་བའོ།། བློ་གྲོས་རྒྱ་མཚོ་རྡོ་རྗེའི་ཚིག་དེ་དག་ནི་མྱི་བྱེད་པའི་ཚིག། སྙིང་པོ་མྱེད་པའི་ཚིག། མཉམ་པ་མྱེད་པའི་ཚིག། བདེན་པའི་ཚིག། བརྟན་པའི་ཚིག། ཐ་དད་པ་མྱེད
297a4 པའི་ཚིག། རྗེས་སུ་འགྲོ་བའི་ཚིག། རྒྱུན་ཆད་པ་མྱེད་པའི་ཚིག། ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བའི་ཚིག། སྐྱོན་དུ་བྱ་བ་མྱེད་པའི་ཚིག། སྒྲོ་བཏགས་པ་མྱེད་པའི་ཚིག། འགྲོ་བ་མྱེད་པ་རྟོགས་པ་ལ་འཇུག
297a5 པའི་ཚིག། འགྲོ་བ་མྱེད་པའི་ཚིག། དེ་ཁོ་ནའི་ཚིག། ཡང་དག་པཉི་ཚིག། སངས་རྒྱས་དང་མྱི་འགལ་བའི་ཚིག། ཆོས་མྱི་སྤོང་བའི་ཚིག། དགེ་འདུན་ཡོངས་སུ་སྡུད་པའི་ཚིག། ཇི་ལྟ་བཞིན་གི་ཚིག། འ
297a6 གསུམ་ཡོངས་སུ་དག་པའི་ཚིག། དཔའ་བའི་ཚིག། ཚངས་པའི་ཚིག་དང་། གཡོ་བ་མྱེད་པའི་ཚིག། ནམ་མཁའ་དང་མཉམ་པའིཚིག། བྱང་ཆུབ་ཀྱི་རྗེས་སུ་འགྲོ་བའི་ཚིག། མཚན་མ་མྱེད་པའི
297a7 ཚིག། ཆོས་ཀྱི་མཚན་ཉིད། མཚན་ཉིད་ཀྱི་ཚིག། སེམས་དང་ཡིད་དང་། རྣམ་པར་ཤེས་པ་ལ་མྱི་གནས་པའི་ཚིག། བདུད་དང་ཕྱིར་རྒོལ་བ་བཅོམ་པའི་ཚིག། དག་ཅིང་དྲི་མ་མྱེད་ལ་འོད་གསལ་བའི་ཚིག།
297a8 བྱང་ཆུབ་ལ་རྣམ་པར་ལྟ་བའི་ཚིག། ཤེས་རབ་ཀྱི་སྣང་བའི་ཚིག། མུན་པ་མྱེད་ཅིང་གསལ་བའི་ཚིག། ཤིན་ཏུ་སྐྱེ་བ་མྱེད་ཅིང་འགག་པ་མྱེད་པའི་ཚིག་རང་གི་ཡུལ་ཡོངས་སུ་དག་པའི་ཚིག། སངས་རྒྱས་ཀྱི་ཡུལ
297a9 ལ་འཇུག་པའི་ཚིག། གྱི་རྟོག་ཅིང་རྣམ་པར་མྱི་རྟོག་ལ་ཡོངས་སུ་མྱི་རྟོག་པའི་ཚིག། ཆོས་ཀྱི་དབྱིངས་འདྲེས་པ་མྱེད་པའི་ཚིག། གནས་མྱེད་པའི་གནས་ལ་འཇུག་པའི་ཚིག་རྣམས་སོ།། བློ་གྲོས་རྒྱ་མཚོ