| e-texts navigator |
| Wylie |
296b1 བྲལ་བའི་མཐའ་དང་མཉམ་པ་ཉིད་ཀྱི་ཕྱིར་འདོད་ཆགས་ཀྱི་མངའ་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་འདོད་ཆགས་དང་བྲལ་བར་འགྱུར་བའོ།། བྱམས་པའི་མཐའ་དང་མཉམ་པ་ཉིད་ཀྱི་ཕྱིར་ཞེ་སྡང་གི་མབའ་ནི་རྡོ་རྗེའི་ཚིག་སྟེ།
296b2 རྡོ་རྗེའི་ཚིག་འདི་ནི་ཞེ་སྡང་ཐམས་ཅད་ཡང་དག་པར་འཇོམ་པར་འགྱུར་བའོ།། ཤེས་རབ་ཀྱི་སྣང་བ་དང་མཉམ་པ་ཉིད་ཀྱི་གཏི་མུགི་མཐའ་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་མུན་པ་མྱེད་ཅིང་སྡང་བར་འགྱུར་བའོ།། སེམས་ཅན
296b3 ཐམས་ཅད་མཉམ་པ་ཉིད་ལ་འཇུག་པའི་ཕྱིར། སེམས་ཅན་ཐམས་ཅད་སེམས་གཅིག་པ་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་སེམས་ཅན་ཐམས་ཅད་གི་ངོ་བོ་ཉིད་ཀྱི་རྗེས་སུ་རྟོགས་པར་འགྱུར་བའོ།། སེམས་ཅན་ཐམས
296b4 ཅད་ཀྱི་སེམས་མཉམ་པ་ཉིད་ལ་འཇུག་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་སེམས་རྣམས་གཅིག་པ་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་དི་ནི་སེམས་རང་བཞིན་གིས་འོད་གསལ་བར་རྗེས་སུ་རྟོགས་པར
296b5 འགྱུར་བའོ།། དེ་བཞིན་ཉིད་མཉམ་པ་ཉིད་ལ་འཇུག་པའི་ཕྱིར། སངས་རྒྱས་ཐམས་ཅད་སངས་རྒྱས་གཅིག་པ་འདི་ནི་རྡོ་རྗེའི་ཚིག། སྟེ། རྡོ་རྗེའི་ཚིག་འདི་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྗེས་སུ་རྟོག
296b6 པར་འགྱུར་བའོ།། ཞིང་མྱི་ཟད་པ་ལ་འཇུག་པའི་ཕྱིར། ཞིང་ཐམས་ཅད་གཅིག་པ་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱི་རྗེས་སུ་རྟོགས་པར་འགྱུར་བའོ།། ཆོས་ཐམས་ཅད་མ
296b7 པ་ཉིད་ལ་འཇུག་པའི་ཕྱིར་ཆོས་ཐམས་ཅད་ཆོས་གཅིག་པ་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་གཉིས་སུ་མྱེད་པའི་ཆོས་ཀྱི་སྒོ་རྗེས་སུ་རྟོགས་པར་འགྱུར་བའོ།། ཐམས་ཅད་དུ་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་ལ་འཇུག་པཱི
296b8 ཕྱིར། ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྗེས་སུ་རྟོག་པར་འགྱུར་བའོ།། བདུད་ཀྱི་ལས་རྗེས་སུ་རྟོགས་པ་ལ་འཇུག་པའི་ཕྱིར་ལས་ཐམས་ཅད་སརྦ
296b9 རྒྱས་ཀྱི་ཕྲིན་ལས་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་བདུད་ཀྱི་ལས་ཐམས་ཅད་ལས་ཤིན་ཏུ་འདལ་བར་འགྱུར་བའོ།། སྐད་ཐམས་ཅད་རྗེས་སུ་རྟོགས་པ་ལ་འཇུག་པ་ལ་འཇུག་པའི་ཕྱིར། ཚིག་ཐམས་ཅད་དེ་བཞིན