e-texts navigator
Collection
Volume
Page
Wylie

296a1 སྦྱིན་པ་མྱེད་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་སྐྱེ་བ་དང་གནས་པ་དང་བྲལ་བའི་ཕྱིར་འདུས་མ་བྱས་ཀྱི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཆོས་ཐམས་ཅད།
296a2 ནམ་མཁའི་དཀྱིལ་དང་བྱེ་བྲག་མྱེད་པའི་ཕྱིར། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཕྱག་རྒྱའི་ཚིག་དེ་དག་ནི་ཕྱག་རྒྱའི་ཚིག་གང་དག་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱ
296a3 བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱག་རྒྱས་བཏབ་སྟེ། ཕྱག་རྒྱའི་ཚིག་དེ་དག་གིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་ཕྱག་རྒྱ་དེ་ལྟ་བུས་བཏབ་ན།
296a4 དེ་བཞིན་གཤེགས་པའི་ཡེ་ཤེས་ཕྱག་རྒྱས་ཡང་དག་པར་འདུ་བ་སྟེ།། མྱུར་ཏུ་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོཟ་བོ།། བློ་གྲོས་རྒྱ་མཚོ་ཕྱག་རྒྱའི་ཚིག་དེ་དག་ནི། དེ་དགེ་བའི་རྩ་བ་མ་བསྐྱེད་པའི་སེམས་ཅན་རྣམས་ཀྱི
296a5 རྣ་ལམ་དུ་གྲག་པར་མྱི་འགྱུར་རོ།། འདྲི་བདུད་ཀྱི་ལས་ཐམས་ཅད། ཚར་གཅོད་དོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ཡང་དག་པརའདུ་བ་མྱི་བཟད་པའི་ཟ་མ་ཏོག་གི་གཟུངས་གང་ཡིན་པ་དེ་ཡང་ཕྱ།
296a6 རྒྱའི་ཚིག་འདི་ཉིད་དུ་འདུས་ཏེ། རྗེས་སུ་ཞུགས་སོ།། བློ་གྲོས་རྒྱ་མ་ཚོ་ཏིང་ངེ་འཛིན་བརྒྱད་ཁྲི་བཞི་སྟོང་དང་། སེམས་ཅན་གི་དཔྱོད་པ་ལ་འ་དྲུག་པའི་ཕ་རོལྡ་ཏུ་ཕྱིནད་པ་བརྒྱད་ཁྲི་བཞི་སྟོང་གང་ཡིན་པ་དེ
296a7 དག་ཀྱང་ཕྱག་རྒྱའི་ཚིག་འདི་ཉིད་དུ་འདུས་ཏེ་རྗེས་སུ་ཞུགས་སོ།། བློ་གྲོས་རྒྱ་མཚོ་དེ་ལ་རྡོ་རྗེའི་ཚིག་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། རང་བཞིན་གྱིས་འདྲེས་པ་མྱེད་པའི་ཕྱིར། འཇིག་ཚོགས་ནི་རྡོ་རྗེའི་ཚིག་སྟེ།
296a8 རྡོ་རྗེའི་ཚིག་འདི་ལྟ་བ་ཐམས་ཅད་ངེས་པར་རྟོགས་པར་འགྱུར་བའོ།། རིག་པ་ལ་འཇུག་པའི་ཕྱིར། མ་རིག་པ་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་ལྷག་པར་དམྱིགས་པའི་དངོས་པོ་ཡོངས་སུ་ཤེས་པར་འགྱུར་བའོ།།
296a9 མངོན་པར་འདུ་བྱེད་པ་མྱེད་པའི་དང་། མཉམ་པ་ཉིད་ཀྱི་ཕྱིར་མཚམས་མྱེད་པའི་མཐའ་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་མངོན་པར་འདུ་བྱེད་པ་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་བའོ།། འདོད་ཆགས་དང་།




iiif viewer powered by OpenSeadragon

295b - 296b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo