| e-texts navigator |
| Wylie |
295b1 རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་བདག་མྱེད་པའི་ཕྱིར་བདག་མྱེད་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཤིན་ཏུ་མྱི་གཡོ་བའི་ཕྱིར་ཞི་བའི་ཕྱག་རྒྱས་བཏམ
295b2 པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་དོན་དམ་པའི་བདེན་པར་ཡང་དག་པར་འདུ་བའི་ཕྱིར། བདེན་པའི་ཕྱག་རྒྱས་བཏབ་པའོ།། བླ་གྲས་རྒྱ་མཚོ་ཆོས་ཐམས་ཅད་ནི་དོན་དམ་པའི་བདེན་པར་ཡང་དག་པར་འདུ་བའི
295b3 ཕྱིར། བདེན་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ས་བོན་མྱི་གནས་པའི་ཕྱིར་དྲི་མ་མྱེད་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོས་ཆོས་ཐམས་ཅད་ནི་ཤིན་ཏུ་ཐུག་པའི་ཕྱིར་མྱི་འཁྲུགས་པའི
295b4 ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའི་ཕྱིར། ཇི་ལྟར་བ་བཞིན་གྱི་ས་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཁཾས།
295b5 གསུམ་ཐམས་ཅད་རོ་གཅིག་པའི་ཕྱིར་དུས་གསུམ་མཉམ་པ་ཉིད་ཀྱིས་ཕྱག་རྒྱས་བཏབ་པའོ།། ཟོ་གྲོས་རྒྱ་མཚོ་ཆོས་ཐམས་ཅདནི་རང་བཞིན་གྱིས་འབྱུང་བ་མྱེད་པའི་ཕྱིར། མྱི་འབྱུང་བའི་ཕྱག་རྒྱ
295b6 བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྐྱེ་བོ་མྱེད་པའི་ཕྱིར་འགོག་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ང་རྒྱལ་གྱིས་ལྷག་པར་བྱེད་པ། ལྷག་པར་མྱི་བྱེད་པའི་ཕྱིར
295b7 སྒྲོ་འདོགས་པ་མྱེད་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་རྣམ་པར་རྟོག་པ་ཐམས་ཅད་ཀུན་ཏུ་རྒྱུ་བ་མྱེད་པའི་ཕྱིར། སྤྲོས་པ་མྱེད་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི
295b8 གཟུགས་མྱེད་ཅིང་བསྟན་ཏུ་མྱེད་པའི་ཕྱིར། མཚན་ཀྱིས་མཚན་བཏབ་པ་མྱེད་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་གཞི་ཡང་དག་པར་རབ་ཏུ་ཆད་པའི་ཕྱིར། གོས་པ་མྱེད་པའི་ཕྱག་རྒྱས་བཏབ་པའོ།།
295b9 བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་གཉེན་པོ་ཀྱི་དམྱིགས་པའི་ཕྱིར།། སྐྱོན་ཏུ་བྱ་བ་མྱེད་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་མངོན་པར་འདུ་བྱ་བ་ཐམས་ཅད་མྱེད་པའི་ཕྱིར། ལས་མྱེད་ཅིང་རྣམ་པ།