e-texts navigator
Collection
Volume
Page
Wylie

295a1 གཉིས་མྱེད་ཅིང་གཉིས་ཡོངས་སུ་དག་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་མཐའ་དང་མཐའ་ཡས་པ་དང་། མཐའ་མྱེད་པ་ལས་རྣམ་པར་གྲོལ་བའི་ཕྱག་རྒྱས་བཏབ་པ་སྟེ།། ཆད་པ་དང་རྟག་པ་ཡོངས་སུ
295a2 དག་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཟད་པ་དང་། འདོད་འཆགས་དང་བྲལ་བའི་ཕྱག་རྒྱས་བཏབ་པ་སྟེ། ཟད་པའི་སྒོ་ཟད་པའི་མཐའ། ཟད་པའི་མུར་ཐུག་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་འདེག
295a3 པ་མྱེད་ཅིང་གཞག་པ་མྱེད་པའི་ཕྱག་རྒྱས་བཏབ་པ་སྟེ། མཉམ་པ་ཉིད་ཀྱི་མཐའ་ཡོངས་སུ་དག་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ནམ་མཁའི་ཕྱག་རྒྱས་བཏབ་པ་སྟེ། མྱིག་ལྔའི་ལམ་ལས་ཤིན་ཏུ་འདས་པའོ།།
295a4 བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་དང་ནམ་མཁའི་དབྱིངས་ཀྱི་ཕྱིར། ནམ་མཁའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུལ་བའི་ཕྱིར། འདྲེས
295a5 པ་མྱེད་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོསཐམས་ཅད་ནི་ཆོས་འདྲེས་པ་མྱེད་པའི་མཚན་ཉིད་ཀྱི་ཕྱིར། ཆོས་ཀྱི། དབྱིངས་ཀྱི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅ
295a6 སྔོན་གི་མཐའ་དང་། ཕྱི་མའི་མཐར་དེ་བཞིན་ཉིད་ཀྱི་ཕྱིར། དེ་བན་ན་ཉིད་གི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམ་ས་ཅད་ནི་གདོད་མ་ནས་ཤིན་ཏུ་ཡོངས་སུ་དག་པའི་ཕྱིར་ཡང་དག
295a7 པའི་མཐའི་ཕྱག་རྒྱས་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་འདུས་བྱས་དང་། འདུས་མ་བྱས་མཉམ་ཞིང་མཚུངས་པའི་ཕྱིར་སྟོང་པ་ཉིད་ཀྱི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི
295a8 དམྱིགས་པ་དང་ཐ་དད་པ་དང་བྲལ་བའི་ཕྱིར་མཚན་པ་མྱེད་པའི་ཕྱག་རྒྱས་བཏབ་པའོ།། ཟོ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་སྨོན་ལམ་ཐམས་ཅད་བྲལ་བའི་ཕྱིར། སྨོན་པ་མྱེད་པའི་ཕྱག་རྒྱས་བཏབ་པའོ།། ཐོ་མས་བརྒྱ
295a9 མཚོ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མྱེད་པའི་མཚན་ཉིད་ཀྱི་ཕྱིར། མྱི་རྟག་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཕུང་པོ་སྔར་ཡོངས་སུ་ཨུ་བའི་མཚན་ཉིད་ཀྱི་ཕྱིར། སྡུག་བསྔལ་གི་བྱ




iiif viewer powered by OpenSeadragon

294b - 295b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo