| e-texts navigator |
| Wylie |
294b1 བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་ཕུང་པོ་ཡོངས་སུ་ཤེས་པ་སྟོན་ཏོ།། ཐ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་མཐར་ཐུག་པ་ཉིད་དུ་སྟོནད་ཏོ།། སུས་དབེན་པ་ནི་ཆོས་ཐམས་ཅད་ཀྱི།
294b2 སྒོ་སྟེ། ཆོས་རྣམས་འདོད་ཆགས་དང་བྲལ་བའི་མཐར་སྟོན་ཏོ།། སེམས་དབེན་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་ཞེ་སྡང་དང་། གཏི་མུག་འདུལ་བ་སྟོན་ཏོ།། ཉེ་བར་ཞི་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ།
294b3 ཆོས་རྣམས་ཆགས་པ་མྱེད་པ་ལ་རྟོན་པ་ཉིད་དུ་སྟོནད་ཏོ།། ཚུལ་བཞིན་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་ཐམས་ཅད་ཀྱི་འབྱུང་བའི་མཐའ་སྟོན་ཏོ།། གནས་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་ཆོས
294b4 ཀྱི་དབྱིངས་གནས་པ་སྟོནད་ཏོ།། ལེན་པ་མྱེད་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་ཐམས་ཅད་ཀྱི་རྣམ་པར་གྲོལ་བའི་མཚན་ཉིད་དུ་སྟོནད་ཏོ།། །། ཡོངས་སུ་མྱི་འཛིན་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམ
294b5 ལ་འཐབ་པ་དང་ཆོད་པ་འདོར་བར་སྟོནད་ཏོ།། ཀུན་ནས་ཉོན་མོ། ས་པ་མྱེད་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་རྣམ་པརདག་པའི་མཚན་ཉིད་དུ་སྟོནད་ཏོ།། རང་བཞིན་ནི་ཆོས་ཐམས
294b6 ཀྱི་སྒོ་སྟེ། ཆོས་རྣམས་འོད་གསལ་བ་ཉིད་དུ་སྟོན་ཏོ།། སྣང་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་ཐམས་ཅད་གསལ་བ་ཉིད་དུ་སྟོན་ཏོ།། སྒོམ་པ་ནི་ཆོས་ཐམས་ཅད་གི་སྒོ་སྟེ། ཆོས་རྣམས་ཀྱི་བྲལ་བ་སྟོནད།
294b7 ཏོ།། གཞི་མྱེད་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་འདྲེས་པ་མྱེད་པ་ཉིད་དུ་སྟོན་ཏོ།། བྱང་ཆུབ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་དང་མཉམ་པ་ཉིད་དུ་སྟོན་ཏོ།། མྱ་ངན་འདས་པ་ནི་ཆོས་ཐོས
294b8 ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་ཕུང་པོ་ཐམས་ཅད་སོ་སོར་དོར་བ་སྟོན་ཏོ།། ཟོ་གྲོས་རྒྱ་མཚོ་སྒོའི་ཚིག་འདི་དག་ནི་རང་གི་སེམས་ཡོངས་སུ་དག་པར་འགྱུར་བའོ།། སེམས་ཅན་གཞན་དག་དང་གང་ཟག་གཞན་རྣམས་ཀྱི།
294b9 དབང་པོ་མཆོག་དང་། མཆོག་མ་ཡིན་པར་ཤེས་པར་འགྱུར་པའོ།། བློ་གྲོས་རྒྱ་མཚོ་ཕྱག་རྒྱའི་ཚིག་འདི་དག་གང་ཞེ་ན། འདི་ལྟ་སྟེ་བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་རྣམ་པར་གྲོལ་བའི་ཕྱག་རྒྱས་བཏབ་པ་སྟེ།