| e-texts navigator |
| Wylie |
294a1 བསམ་པར་བྱའོ།། བློ་གྲོས་རྒྱ་མཚོའི་སྒོའི་ཚིག་རྣམས་གར་ཞེ་ན། འདི་ལྟ་སྟེ། རྣམ་པར་རིག་པ་ནི་ཆོས་ཐམས་ཅད་ཀྱི་སྒོའི་ཚིག་སྟེ།། ཆོས་རྣམས་དབེན་པའི་དོན་དུ་སྟོན་ཏོ།། ཨ་ཞེས་བྱ་བ་ནི་ཆོས་ཐམས་ཅད
294a2 ཀྱི་སྒོ་སྟེ། ཆོས་རྣམས་སྐྱེ་བ་མྱེད་པའི་དོན་ཏུ་སྟོནད་ཏོ།། པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ།། ཆོས་ཐམས་ཅད་དོན་དམ་པའི་དོན་དུ་སྟོན་ཏོ།། ན་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི
294a3 མྱིང་དང་གཟུགས་ཡོངས་སུ་ཤེས་པ་སྟོན་ཏོ།། ད་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་དུལ་བ་དང་ཞི་བ་ཉིད་དུ་སྟོན་ཏོ།། ས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཆགས་པ་ལས་ཤིན་ཏུ
294a4 འདས་པར་སྟོནད་ཏོ།། ཏ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་དེ་བཞིན་ཉིད་ཀྱི་རྗེས་སུ་འགྲོ་བར་སྟོནད་ཏོ།། ཀ་ཞེས་བྱ་བ་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ལས་ཀྱི་རྣམ་པར་སྦྱིན་པ་དང་བྲལ་བར
294a5 སྟོན་ཏོ།། ས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས། མཉམ་ཞིང་ཁྱད་པར་མྱེད་པར་སྟོན་ཏོ།། མ་ཞེས་བྱ་བ་ནི་ཆོས། ཐམས་ཅད་གི་སྒོ་སྟེ། ཆོས་རྣམས་ཀྱི་ཚད་སྙིང་རྗེ་ཆེན་པོར་སྟོན
294a6 ཏོ།། ག་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་ཟབ་ཅིང་གཏིང་དཔག་དཀའ་བ་ཉིད་སྟོན་ཏོ།། ཛ་ཞེས་བྱ་བ་ནིཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་རྒ་ཞི་ལས་ཤིནད་ཏུ་འདྲ
294a7 པར་སྟོནན་ཏོ།། ད་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་དབྱིངས་འདྲེས་པ་མྱེད་པར་སྟོནད་ཏོ།། ཤ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ལ་ཞིང་གནས་ཡོངས་སུ་རྫོགས་པར་བྱ།
294a8 བ་སྟོན་ཏོ།། བ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ནམ་མཁའ་དང་མཚུངས་པར་སྟོནད་།། ཀཱ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཟད་པ་དང་མྱི་སྐྱེ་བར་སྟོན་ཏོ།། ཉ་ཞེས་བྱ
294a9 བ་ནི་ཆོས་ཐམས་ཅད་གི་སྒོ་སྟེ། ཆོས་རྣམས་ལ་ཡེ་ཤེས་ཆགས་པ་མྱེད་པ་ཉིད་སྟོནང་ཏོ།། བ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་གནས་དང་གནས་མ་ཡིན་པ་ལ་མཁས་པ་སྟོན་ཏེ། སྐྲ་ཞེས