e-texts navigator
Collection
Volume
Page
Wylie

293b1 སྦྱིར་བ་དམ་པ་རྣམས།། ཐམས་ཅད་སངས་རྒྱས་ཐེག་པ་དམ་པ་འདི་ལས་བྱུང་།། གང་གིས་མྱི་དབང་སངས་རྒྱས་སེང་གེའི་སྒྲ་སྒྲོགས་པ།། སྟོབས་བཅུའི་སངས་རྒྱས་ཆོས་རྣམས་མཐའ་ཡས་གང་ཡིན་དང་། སྤྲིན་མཚམས
293b2 སུ་དང་བགྱི་གཙུག་ལྟར་ནི་མྱི་མཐོང་ལ།། ཐེག་པ་མཆོག་ལ་གནས་པས་རྙེད་པར་དཀའ་མ་ཡིན།། གང་གིས་འགྲོ་བ་འདུལ་ཞིང་བསམ་པ་ཚིམ་བྱེད་པ།། རྒྱལ་བ་རྣམས་ཀྱི་ཆོ་འཕྲུལ་འཕྱད་འཕགས་གསུཾག་དང་།། ཕུག།
293b3 པའི་བསྟནད་པ་གཞན་ཡང་དོན་མྱེད་མྱི་འགྱུར་བ།། དེ་དག་ཐེག་པ་མཆོག་ལ་གནས་ནས་མྱུར་ཏུ་འཐོབ།། འཇིག་རྟེན་ཀུན་ན་སྐད་ཀྱི་རྣམ་པ་ཇི་སྙེད་པ།། ཐམས་ཅད་སྟོབས་བཅུའི་གསུང་ནི་འཁྲུལ་པ་མྱེད་པ་དང་།
293b4 གཉེན་འཇམ་ཡིད་འོང་དོན་ལྡན་ཁ་ན་མ་པོ་མྱེད།། ཚངས་དང་རྨྱི་ཅིའི་དབྱངས་འདྲ་གསུང་རྒྱ་ཆེན་པོས་ཚིམ།། དེ་འདྲའི་སངས་རྒྱ་དས་གསུང་ནི་གྱི་རིང་ཐོབ་འགྱུར་ཏེ།། ནམ་མཁའི་དཀྱིལ་ཚད་སངས་རྒྱ།
293b5 ཤིང་རྣམས་གོ་བར་བྱེད།། ཇི་སྙེད་གཅིག་གིས་ཆོས་དོན་ལྡན་པའི། ཚིག་ཟོས་པ།། ཀུན་གྱིས་ཉོན་མོངས་ཐམས་ཅད་བསལ་ནས་འདེ། བར་འགྱུར།། རྫུ་འཕྲུལ་སྟོབས་ཀྱིས་ནམ་མཁའི་མཐའ་མར
293b6 བགྲོད་པར་ནུས།། ཕྱོགས་བཅུ་རྣམས་ཀྱི་རྒྱ་མཚོའི་ཆུ་ནི་ཆད་བྱར་ནུས།། སེམས་གཅིག་གིས་ནི་སེམས་ཅན་སྤྱོད་པ་མཐའ་ཡས་ཤེས།། སངས་རྒྱས་ཐེག་པའི་ཡོན་ཏན་བརྗོད་པས་ཟད་མྱི་འགྱུར།།
293b7 ལེའུ་བརྒྱད་དོ།། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་བཀའ་ཡ་ཡ་པ།། བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན། བྱང་ཆུབ་སེམས
293b8 དཔའ་ཆོས་ཀྱི་རྣམ་གྲངས་འདི་ཀུན་ཏུ་བསྲུང་བ་དང་། སྲ་བ་དང་། ཡུན་རིང་དུ་གནས་པ་བྱ་བ་དང་། བདག་གི་སེམས་ཡོངས་སུ་དཀའ་བར་བྱ་བ་དང་། སེམས་ཅན་གཞན་དག་དང་གང་བག་གཞན་རྣམས་ཀྱི་དབང་པོ་མཆོག
293b9 དང་། མཆོག་མ་ཡིན་པ་ཤེས་པར་བྱ་བའི་ཕྱིར། སྒོའི་ཚིག་དང་ཕྱག་རྒྱའི་ཚིག་དང་། རྡོ་རྗེའི་ཚིག་འདི་དག་བཟུང་བར་བྱའོ།། བཟུང་ནས་ཀྱང་བརྟག་པར་བྱའོ།། ཤེས་རབ་དང་རབ་ཏུ་ལྡན་པའི་སྦྱོར་བས་ངེས་པར




iiif viewer powered by OpenSeadragon

293a - 294a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo