| e-texts navigator |
| Wylie |
293a1 ཞིག་དེ་འདྲ་འམ།། དེ་ལས་ལྷག་པར་འགྱུར་བའི་སེམས་ཅན་དེ་མྱི་རྙེད།། བྱང་ཆུབ་སེམས་དཔའ་ཆེ་ཉིད་འགྲོ་བའི་དཔའ་བོ་གཅིག།། ཐེག་པ་མཆོག་ལ་གནས་ནས་བདུད་སྡེ་སྐྲག་པར་བྱེད།། ཐེག་པ་མཆོག
293a2 ལ་གནས་ནས་གཟུགས་དང་སྟོབས་མཐུ་དང་།། ལོངས་ཁྱོད་དབང་ཕྱུག་ཐོབ་ཅིང་རྒྱ་བྱིན་ཚངས་པ་དང་།། འཁོར་ལོས་སྒྱུར་དང་སྐྱོང་དང་གང་ཡང་སྲིད་གསུམ་ན།། ལྷ་དང་མྱིའི་བདེ་སྐྱིད་སྦྱིན་པ་ཐམས་ཅད་འཐོབ།། ཐེག་པ་མན
293a3 ལ་གནས་ནས་སེམས་ཞུམ་བརྒྱ་ལམ་མྱེད།། གོང་བ་མྱེད་ལ་ཕངས་ཤིང་འཕངས་པ་རྣམས་ཀྱང་གཏོང་།། བྱིན་ན་ཞུམ་པ་མྱེད་ཅིང་མྱིག་དང་མགོ་བཏང་ནས།། དགའ་ཞིང་བྱམས་པའི་སེམས་སུ་འགྱུར་ཏེ་བྱང་ཆུབ་འགྲོ།། ཐེག
293a4 པ་མཆོག་ལ་གནས་ནས་དེ་ནི་སྐྱབས་འགྱུར་ཏེ།། ཚུལ་ཁྲིམས་ལྡན་ཞིང་ཚངས་པར་སྤྱོད་པས་ཡོངས་སུ་དག། ཚུལ་ཁྲིམས་བརྟུལ་ཤུགས་བཀའ་ཐུབ་ཀྱིས་ནི་ཉི་ཟླ་འགོག། སྲིད་པ་དང་ནི་གཟུགས་དང་ལོངས་སྤྱོད་འདོད།
293a5 མྱི་འགྱུར།། མྱི་སྙན་ཚིག་རྣམས་ཟོས་ཀྱང་མྱི་འཁྲོ་འཁྲུག་མྱི་འ།། གྱུར།། ལུས་ནི་རྣམ་པར་གཏོར་ཀྱང་སེམས་ཅན་རྗེས་སུ་སྲུང་།། བདག་ལུས་རྙེད་ས་ཆོས་ཀྱི་རྒྱལ་སྲིད་རྙེད་དཀའ་སྙམ།། ཐེག་པ
293a6 མཆོག་གནས་བཟོད་པ་དག་པ་འདི་འདྲའོ།། བསྐལ་པ་བརྒྱ་ཕྲག་མ་ཟའ་ཡས་ཇི་སྙེད་འཁོར་གྱུར་པ།། དེ་སྲིད་དུ་ཡང་ངན་སོང་རྣམས་སུ་འཁོར་བྱེད་ཅིང་།། སེམས་ཅན་བསྒྲལ་བའི་ཕྱིར་ནི་བརྩོན་འགྲུས
293a7 སྟོབས་བསྐྱེད་དེ།། ཐེག་པ་མཆོག་ལ། གནས་པའི་བརྩོན་འགྲུས་མཐུ་འདི་འདྲ།། ཤིན་ཏུ་རབ་ཞི་མཉེན་ངེས་བསམ་གཏན་ཆོ་ག་ཤེས།། འགྲོ་བ་རྣམས་ཀྱི་དོན་ཕྱིར་བྱམས་པའི་བསམ་གཏན་པ། བསམ་གཏན་བདེ་བ་དེ་ལ་ནཾ།
293a8 ཡང་མྱི་ཆགས་ཏེ།། དྲན་པ་དང་ལྡན་པ་རྣམས་ལ་ལྟ་བར་འདོད།། ཆོས་རྣམས་ཐམས་ཅད་རྒྱུ་ལས་འབྱུང་ཞིང་སྟོང་པར་ཤེས།། དེ་ནི་བདག་དང་སེམས་ཅན་ཆོས་རྣམས་མྱི་དམྱིགས་ཏེ།། ལྟ་བ་ཡོངས་དག་ཤེས་རབ་ལྡན
293a9 ཞིང་སེམས་ཀྱང་དུལ།། ཐེག་པ་མཆོག་གནས་ཤེས་རབ་དག་པ་འདི་འདྲའོ།། གང་ཡང་བདེན་དང་ཚད་མྱེད་པ་དང་བསམ་གཏན་བཞི།། མངོན་ཤེས་ལྔ་དང་སངས་རྒྱས་ཀྱི་ནི་ཡང་དག་རིག། རྟོན་པ་བཞི་དང་ཆོས་ཀྱི