| e-texts navigator |
| Wylie |
292b1 ལ་ཞུགས་ནས་མཉམ་པར་མཐོང་།། གང་དག་སྣ་ཚོགས་བསྔགས་དང་འཇིག་རྟེན་དོན་དང་ལྡན།། གང་དག་དགེ་ཆོས་ཡང་དག་འཇིག་རྟེན་འདས་གྱུརྡ་པ།། སློབ་དང་མྱི་སློབ་གང་དག་རང་རྒྱལ་རྣམས་ཀྱི་དང་།། སྒོ་དེར་སངས།
292b2 རྒྱས་རེག་པ་ཆེན་པོའི་བདག་ཉིད་ཞུགས།། གང་དག་ཉོན་མོངས་ནམ་ཡང་སྣ་ཚོགས་སེམས་ལྡན་དང་།། མུག་བསྔལ་སེམས་ཅན་གང་དག་འདུས་ཆུས་གྱུ་ར་པ།། དེ་དག་ཤིན་ཏུ་རབ་ཏུ་ཞི་བར་བྱེད་ཅིང་འགྲོ།། བྱང་ཆུབ
292b3 སེམས་དཔའ་ཐེག་པ་མཆོག་ལ་གནས་ནས་སྟོན།། ལེ་ལོ་ཅན་གི་མྱིང་གང་ཉམ་ཆུང་མཐུ་གཞན་ལ།། སེམས་ཅན་མུག་བསྔལ་ཟད་པར་བྱ་ཕྱིར་སེམས་ཀྱི་སྐྱེད།། བདག་པ་དེ་ཚོལ་གི་སེམས་ཅན་ནོན་ལ་གྱི་མཚོན་པ།
292b4 དེ་དག་ཐེག་པ་མཆོག་ཟོས་ནས་ནི་སེམས་སྐྲག་འགྱུར།། བྱང་ཆུབ་སེམས་དཔའ་མཁས་གསལ་བདག་ཉིད་ཆེན་པོ་གང་།། བརྩོན་འགྲུས་སྟོབས་ལྡན་རྟག་ཏུ་སེམས་ཅན་དོན་བཚོན་ལ།། སྙིང་རྗེ་ཆེར་དང་ལྡན་ཞི
292b5 བསམ་པ་དག་གྱུ་རད་པ།། དེ་དག་རབ་ཏུ་དགའ་བའི་སེམས་ཀྱིས།། ཐེག་མཆོག་ཞོན།། ཐེག་པ་མཆོག་རབ་གྱ་ནོམ་གཙོ་བོ་འདིར་ཀན། ས་ཏེ།། འཇིག་རྟེན་ཀུན་གྱི་དགྱོད་རྣམས་མཐའ་ཡས་ཇི་སྙེད
292b6 དང་། དབང་པོ་ཐ་མ་འབྲིང་དང་རབ་དང་བསམ་པ་རྣམས།། གྱོད་ཀུན་བྱང་ཆུབ་སེམས་དཔའ་སྐད་ཅིག་ཙམ་ལ་ཤེས།། རླབས་པོ་ཆེའི་ཐེག་པ་མཆོག་འདིར་གནས་ནས་ནི།། དེ་ཡི་ལུས་ཀྱི་ཡན་ལ
292b7 མཚན་གིས་བརྒྱན་པར་འགྱུར།། ཚིག་སྙན་ཡིད་དུ་འོང་ཞིང་འཇིག་རྟེན་ཀུན་ཚིམ་བྱེད།། སེམས་ཡིད་ནམ་དག་བསམ་གཏན་མངོན་ཤེས་ལྡན་པར་འགྱུར།། འདི་ལས་རྒྱལ་བ་རྣམས་ཀྱི་སངས་རྒྱས་ཚུལ་འདི་#
292b8 འདི་ལས་ཆོས་ཚུལ་གྱ་ནོམ་ཚུལ་ཡང་རབ་ཏུ་འབར།། འདི་ལས་འགྲོ་བའི་སྦྱིན་གནས་དགེ་འདུན་འབྱུང་བར་འགྱུར།། དེ་ས་ན་སངས་རྒྱས་ཐེག་འདི་འཇིག་རྟེན་གསུམ་དུ་གྲགས།། ཐེག་པ་འདི་ནི་སྟོང་པའི་ཞིང་དུ།
292b9 མྱི་འགྲོ་སྟེ། རྒྱལ་བ་རྣམས་ཀྱི་འདི་ནི་སྐད་ཅིག་མྱི་སྣང་འགྲོ།། ཕྱོགས་བཅུར་སོང་ཡང་ཡོངས་སུ་མྱི་སྐྱོ་འགྲིབ་པ་མྱེད།། མཚུངས་པ་མྱེད་པའི་ཐེག་པ་ཆོ་འཕྲུལ་ཅི་འདྲར་ལྟོས།། འཇིག་རྟེན་ཀུན་ཏུ་བསྐོར་ཀྱང་ཀ།