e-texts navigator
Collection
Volume
Page
Wylie

292a1 ལུས་དང་ངག་སེམས་དག། སྲིད་པ་ཐམས་ཅད་བོར་ནས་བྱང་ཆུབ་སྙིང་པོར་འགྲོ།། མཉམ་ཞིང་རྗེས་སུ་མཉམ་སེམས་སེམས་ཅན་ཀུན་སྐབས་འབྱེད།། དེ་ལས་ཞན་པའི་ཐེག་དམན་ཇི་སྙེད་ཟིལ་གྱིས་ནོན།། གང་།
292a2 དག་རྫུ་འཕྲུལ་རྐང་གི་རི་རབ་རྒྱལ་མཚན་ཐོབ།། ཐེག་པ་ཆེན་པོར་འགྲོ་ཞིང་སེམས་ཅན་སིམ་པར་བྱེད།། བོས་དང་འདུལ་བར་ལྡན་ཞིང་བསམ་གཏན་ཚུལ་ཁྲིམས་ལྡན།། བཟོད་སྟོབས་རབ་ཏུ་འཐོབ་ཅིང་ཤེས་རབ་དབང
292a3 སྐུར་བ།། ཕ་རོ་ལ་ཚོགས་རྣམས་བཅོམ་ཞིང་བདུད་ཀྱི་སྡེ་སྤངས་ནས།། ཆགས་མྱེད་ཐེག་པ་ཆེ་དང་བྱང་ཆུབ་སྙིང་པོར་འགྲོ།། བྱམས་པ་གོ་ཆའི་ཆོས་ཀི་དགྲ་ཡིས་ཐུབ་པར་དཀའ།། ཆོས་དང་ལྡན་ཞིང་སྙིང་རྗེ
292a4 ཆེན་པོར་རིམ་ཀྱིས་འགྲོ།། བསམ་གཏན་རྫུ་འཕྲུལ་རྐང་དང་ལན་ཀྱེ། གཞོན་པ་སྟེ།། སམ་དེ་མྱི་འདོར་ཁ་ལོ་བསྒྱུར་བ་བྱང་ཆུབ་སེམས་ཕྱོགས་བཅུ་མཐའ་ཡས་སེམས་ཅན་ཁམས་རྣམས་ཇི་སྙེད་པ།
292a5 ཐེག་པ་ཆེན་པོ་འདི་ལས་བསྐྱོད་པ་ཐམས་ཅད་ནི།། གནོད་པ་མྱེད་ཅིང་འགྲིབ་པ་མྱེད་ལ་གང་བ་མྱེད།། བདེ་བར་གཤེགས་ཀྱི།། ཐེག་པའི་ཆོ་འཕྲུལ་དེ་འདྲའོ།། དྲན་གནས་ཡང་དག་སྦྱོར་དང
292a6 སྤོང་བ་བཞི་དག་དང་།། རྫུ་འཕྲུལ་རྐང་པ་བཞི་དང་དབང་པོ་སྟོབས་རྣམས་དང་།། རྒྱལ་བའི་བསྔགས་པའི་བྱང་ཆུབ་ཡན་ལག་རིན་ཅེན་བདུན།། ལམ་གིས་འགྲོ་བར་ལྡན་པ་བྱང་ཆུབ་སྙིང་པོར་འགྲོ།། ཞི་གནས
292a7 ཉོན་མོངས་ཞི་ཞིང་ཆོས་ལ་སྣང་བར་གྱུར་།། རྡུལ་དང་མུན་པ་བསལ་ནས་སྲིད་པ་གསུམ་ན་མཛེས།། བརྒྱ་བྱིན་དང་ནི་ཚངས་པས་སྤྱི་བོས་ཕྱག་བྱས་ཏེ།། ལེགས་སོ་མཚུངས་མྱེད་ཟེག་འདིར་ཀུན་གྱིས་གཞོན་པར་བགྱི།
292a8 ཕ་རོལ་ཕྱིནད་པ་གང་དག་སྦྱིན་ཚུལ་བཟོད་པ་དང་།། བརྩོན་འགྲུས་བསམ་གཏན་ཤེས་རབ་ཡེ་ཤེས་མངོན་པར་ཤེས།། དེ་བཞིན་ཐབས་དང་སྐུ་བ་སྙིང་པོ་ལྡན་པ་སྟེ།། བདུད་རྣམས་བརྒྱ་སྟོང་གིས་ཀྱིང་གདུལ་ཕྱིར
292a9 ཐུབ་པ་མྱེད།། སེམས་ཅན་གང་དག་ཚུལ་ངན་སྡིག་ལས་བཚོན་པ་དང་།། བྱང་ཆུབ་སེམས་དཔའ་གང་དག་ཡོན་ཏན་བརྒྱས་འཕགས་དང་།། གང་དག་བྱང་ཆུབ་སེམས་ཀྱི་སེམས་རྒྱ་ཆེར་གྱུ་རད་པཱ།། ཀུན་ཀྱང་ཐེག་པ་ཆོག




iiif viewer powered by OpenSeadragon

291b - 292b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo