e-texts navigator
Collection
Volume
Page
Wylie

291b1 དྲག་བཅུ་འམ། བདུན་ཅུ་འམ།། མཐའ་དག་རྫོགས་པར་འཛིནད་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། སྐྱེས་བུ་དམ་པ་དེ་དག་གིས་བསོད་ནམས་ཀྱི་མཐའ་རྟོགས་པར་མྱི་ནུས་སོ།། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་དང་། མ
291b2 བྲལ་བ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་རབ་ཏུ་ནོན་པ་གང་དག་ཆོས་ཀྱི་སྒོའི་ལེའུ་འདི་འཛིན་པ་དང་འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་ཕྱིར་རབ་ཏུ་སྟོན་ན་པ
291b3 དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྟན་པ་དང་། དེ་དག་བདུད་འཇོམས་པ་དང་། དེ་དག་ཐེག་པ་ཆེན་པོ་འདི་ལ་མངོན་པར་ཤེས་པ་ཐོབ་པར་རིག་པར་བགྱིའོ།། ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ།།
291b4 དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལྷའི་བུ་དག་ཚིག་འདི་ལེགས་པར་སྨྲས་པ་ལེགས་སོ་ལེགས་སོ།། གང་དག་ཆོས་ཀྱི་སྒོའི་ལེའུ་འདི་ཉིད་ཉན་པ་དང་། ཐོས་ན
291b5 ཀྱང་མོས་པ་དང་། མོས་ནས་ཀྱང་ལེནད་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། དེ་བཞིན་དུ་བསྒྲུབ་པའི་སྐྱེས་བུ་རམ་པ་དེ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་གཞོལ་བར་བལྟ།
291b6 དེ་དག་ཡོན་ཏན་ཐམས་ཅད་ལ་གནས་པར་བལྟལ། དེ་དག་ཐམས་ཅད་མཁྱེནད་པའི་གཙུག་ཏུ་ཕྱིནད་པ་དང་། འཇིག་རྟེན་གནས་པ་ལོ་པ་ལ་ཤེས་རབ་ཀྱི་སྒྲོན་མ་བྱེད་པ་དག་ཏུ་བལྟ་སྟེ། དེ་དག་རིང་པོར་གྱི
291b7 བོགས་པར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། འདི་ས་སྟེ། དེ་དག་ཞེན་མེད་པའི་རྣམ་ལ་འོར་བའི་ཕྱིར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས
291b8 ཚིགས་སུ་བཅད་པ་འདི་དག་གསུངས་སོ།། སངས་རྒྱས་ཐེག་པ་ཆེན་པོའི་ཐེག་པ་འདི་ཁྱད་པར་འཕགས།། ནམ་མཁའི་དཀྱིལ་དང་འདྲ་སྟེ་འཇིག་རྟེན་ཀུན་ལས་འདས། སྲིད་པ་གསུམ་ལས་འདས་ནས་བྱང་ཆུབ་སྙིང་པོ
291b9 འགྲོ།། ཆགས་པ་མྱེད་དེ་ཆགས་པ་ཀུན་ལས་ཤིན་ཏུ་འདས།། སྦྱིན་དང་དུལ་དང་ཞི་དང་ཚུལ་བཞིན་བསམ་པ་ཡིས།། བསྐལ་པ་བྱེ་བར་རྒྱ་ཆེན་ལས་བྱུང་བསཆགས་པར་བརྗོད།། ཚུལ་ཁྲིམས་ཀྱིས་ནི་སྡིག་བསལ




iiif viewer powered by OpenSeadragon

291a - 292a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo