| e-texts navigator |
| Wylie |
291a1 གྲངས་ཆོས་རིན་པོ་ཆེའི་གཏེར་ཆེན་པོ་བླ་ན་མ་མཆིས་པ་འདི་ཕྱེ་སྟེ། བཅོམ་ལྡན་འདས་ཀྱིས་བསྲི་བ་མྱི་མངའ་བའི་ཐུགས་ཀྱིས་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད་དེ། ཕན་པའི་དངོས་པོ་ཡང
291a2 དག་པར་བསྐྱེད་ནས།། ཚངས་པའི་སྒྲ་དབྱངས་ཀྱིས་གོ་བར་མཛད་པའི་གསུང་གིས། ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་ཚུར་ཤེག། ཆོས་རིན་པོ་ཆེའི་གཏེར་ཆེན་པོ་བླ་ན་མྱེད་པ་སྐྱེ་བ་དང་། རྒ་བ་དང་། ན་བ
291a3 དང་། འཆི་བ་མཐར་འབྱིན་པ་ཟད་མྱི་ཤེས་པ། བདེ་བ་ཐམས་ཅད་སྦྱིན་པ་འདི་ལོངས་ཤིག་ཅེས་གོ་བར་མཛད་པ་དེ་ལ། བཅོམ་ལྡན་འདས་སྐྱེས་བུ་གཏི་མུག་མ་དད་པ་ཁ་ཅིག་ནི་མ་མོས། གློ་བ་མྱི་ཆེས་མྱི་རྟོག་ཅིང་དད་པར་མྱི་བགྱི
291a4 དོ།། དད་པའི་རྟོག་པའི་རང་བཞིན་ཅན་ཁ་ཅིག་ནི་མོས་ཤིང་གྲོ་པ་ཆེས་ལ་རྟོག་ཅིང་དད་པར་བགྱིད་དེ། དེ་དག་གིས་དེ་བཞིན་གཤེགས་པའི་ཆོས་རིན་པོ་ཆེའི་གཏེར་ཆེན་པོ་ལས་ཅི་ནུས་ཅི་འོས་སུ་ཆོས་རིན་པོ་ཆེ་ལེན་ཅིང་། ཐེག་པ
291a5 ལ་ཇི་ལྟར་མོས་པ་བཞིན་དུ་རྣམ་པར་གྲོལ་ཏེ། ཁ་ཅིག་ནི་ཉན་ཐོས་ཉི། ད་ཀྱི་སླད་དུ། ཁ་ཅིག་ནི་རང་སངས་རྒྱས་ཉིད་ཀྱི་སླད་དུ། ཁ་ཅིག་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སླད་དུ་ཞུགས་ཀྱང་།
291a6 དེ་བཞིན་གཤེགས་པའི་ཆོས་རིན་པོ་ཆེའི་གཏེར་ཆེན་པོ་བླ་ན་མ་མཆིས་པ་ནི་ཡོངས་སུ་བས་པར་མྱི་འགྱུར་ཞིང་ཡོངས་སུ་མྱི་རྟོག་གོ། བཅོམ་ལྡན་འདས་དེ་ལ་གང་གིས་དེ་བཞིན་གཤེགས་པའི་ཆོས་རིན་པོ་ཆེའི
291a7 གཏེར་ཆེན་པོ་འདི་ལྟར་རབ་ཏུ་བཏང་བ། འདི་ལྟར་རྣས་པར་བྱེ་བ་འདི་ལས་པན་གང་ཅུང་བད་ཙམ་ཡར་གྱི་འཛིན་པ་དེ་དག་རིན་པོ་ཆེ་ལས་ཡོངས་སུ་ཉམ་ས་ཤི་པ་རིན་པོ་ཆེ་ལས་སླད་རོལ་ཏུ་གྱུ་རད་ཏེ། ཡུན་རིང་པོར་ངན་སོང་ག
291a8 པོ་དག་ཏུ་འདའ་བར་འགྱུར་རོ།། བཅོམ་ལྡན་འདས་གང་དག་ཆོས་རིན་པོ་ཆེའི་གཏེར་ཆེན་པོ་འདི་ལས་ལ་ན་ཚིགས་བཞི་པའི་ཚིགས་སུ་བཅད་པ་ཙམ་འཛིན་པ་དེ་དག་ནི་འཕགས་པའི་ནོར་དང་ལྡན་ཏེ་དབུལ་པོ་མ་ལགས་ན།
291a9 གང་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདི་ལས་ཟ་ན་ལེའུ་གཅིག་ཙམ་འཛིནད་ཏམ། གཉིས་སམ། གསུམ་འམ། བཞི་འམ་ལྔ་འམ། བཅུ་འམ། ཉི་ཤུ་འམ། སུམ་བཅུ་འམ། བཞི་བཅུ་འམ། ལྔ་བཅུ་འམ།