e-texts navigator
Collection
Volume
Page
Wylie

290b1 ཙམ་ཞིག་ཡོངས་སུ་འཛིནད་པ་དེ་དག་ཐམས་ཅད་ཀྱང་ངན་འགྲོ་རྣམ་པར་ལྟུང་བའི་འཇིགས་པ་རྣམས་ལས་ཡོངས་སུ་ཐདད་པར་འགྱུར་རོ།། རིམ་གིས་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་བླ་ན་མྱེད་པ་རབ་ཏུ་བསྐོར་བར་འགྱུར་རོ།།
290b2 འདི་ལྟ་སྟེ་དཔེར་ན། བཅོམ་ལྡན་འདས་སྐྱེས་བུ་གང་ལ་ལ་ཞིག་གིས་གྲོང་ངམ་གྲོང་ཁྱེར་རམ། གྲོང་རྡལ་དང་ཧ་ཅང་ཡང་མྱི་རིང་བ་ཞིག་ན། གཏེར་ཆེན་པོ་རིན་པོ་ཆེ་ཐམས་ཅད་ཀྱིས་ཡོངས་སུ་བལྟམ་པ།། བསམ་པ་འཚལ
290b3 ཞིག་མཐོང་སྟེ། སྐྱེས་བུ་དེ་ཡང་ཕན་པའི་དངོས་པོ་ཕུན་སུམ་ཚོགས་པར་གྱུར་ད་ལ།། དེས་གཏེར་ཆེན་པོ་མཐོང་ནས་ཀྱང་གྲོང་རམ་གྲོང་ཁྱེར་རམ་གྲོང་རྡལ་ཏུ་མཆིས་ཏེ།། སྐྱེ་བོའི་ཚོགས་ཕལ་པོ་ཆེ་ལ་བཀམ་པའོ་སྙམ་དུ་བསམ།
290b4 ནས། སྐྱེས་བུ་ཁྱེད་ཚུར་ཤེག། བྱེད་ཀྱི་ནང་ནས་སུ་ལ་རིན་པོ་བགོས་པ་ལ་རས་གཏེར་ཆེན་པོ་ཟད་མྱི་ཤེས་པ་དེ་བསྟནད་པར་བྱའོ་ཞེས་བགྱིས་པུ་དང་། བཅོམ་འན་འདྲ་དེའི་ནང་ནས་ཁ་ཅིག་ནི་དེ་ལ་དད་པར་གྱུར་།། ཁ་ཅིག་ནི་དད་པར
290b5 མ་བྱས་ལ།། དེའི་ནང་ནས་གང་དག་དད་པར་གྱུརྡ་པ་དེ་དག་གཏེཆེན་པོའི་ཀུན་ཏུ་མཆིས་ཏེ། ཁ་ཅིག་ནི་སྟོབས་ཅི་ཙམ་པ་དེ་སྙེད་ཀྱི། རིང་པོ་ཆེ་རྣམས་འཚལ་ཏེ་མཆིས།། ཁ་ཅིག་ནི་ཇི་ལྟར་རྟོགས
290b6 བ་དེ་འདྲ་བའི་རིན་པོ་ཆེ་བཙལ་ཏེ་མཆིས་ཀྱང་གཏེར་ཆེན་པོ་དེ་བས་བར་མྱི་འགྱུར་ཞིང་། འདི་དག་ལ་ནི་བསཿལ་ཏོ།། འདི་དག་ལ་ནི་མྱི་བཙལ་ཏེ།། འདི་དག་ལ་ནི་མྱི་བཙལ་ཀྱང་རུང་། འདི་དག་ནི་བཙལ་དུ་མྱི་རུང
290b7 ངོ་སྙམ་དུ་ཡོངས་སུ་མྱ་རྟོག་གོ།། འདི་དག་ནི་བཙལ་དུ་གྱི་ཆུང་ངོ་སྙམ་དུ་ཡོངས་སུ་མྱི་རྟོག་གོ།། དེ་ཅོའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གཏེར་ཆེན་པོ་དེ་རྣམ་པར་མྱི་རྟོག་པའི་སླད་དུའོ།། དེ་བཞིན་དུ་བཅོམ་ལྡན་འདས
290b8 ཀྱིས་བསྐལ་པ་བྱེ་བ་ཁྲག་ཐིག་བརྒྱ་སྟོང་ཕྲག་གྲངས་མ་མཆིས་པར་རིན་པོ་ཆེའི་གཏེར་ཆེན་པོ་བླ་ན་མ་མཆིས་པ་འདི་བསྒྲུབས་སོ།། བསྒྲུབས་ནས་ཀྱང་བྱང་ཆུབ་གི་སྙིང་པོར་མངོན་པར་རྫོགས་པར་སངས་རྒྱས་སོ།།
290b9 མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། གྲོང་ཁྱེར་བ་རན་སེའི་དྲང་སྲོང་ལུང་བར་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་ཆེན་པོ་རབ་ཏུ་བསྐོ་རང་ངོ་ཏོ།། ད་ལྟར་ཡང་བཅོམ་ལྡན་འདས་འདིར་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་ནམ




iiif viewer powered by OpenSeadragon

290a - 291a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo