| e-texts navigator |
| Wylie |
290a1 པ་ལ་མངོན་པར་ཞེན་པས་ཆད་པར་ལྟ་བ་དང་། སྲོག་དེ་དང་ལུས་དེ་ལ་མངོན་པར་ཞེན་པས་རྟག་པར་ལྟ་བའོ།། གཞན་ཡང་བཞི་སྟེ། ཆོམ་པ་རྒྱུན་གཅོད་པ་དང་། དགེ་བ་རྒྱུན་ཆད་པས་ཡང་དག་པར་རབ་ཏུ་མྱི
290a2 འཛིན་པ་དང་། ཡང་དག་པར་རབ་ཏུ་མ་བཟུང་བས་ཡོངས་སུ་སྔོ་བ་དང་། ཡོངས་སུ་སྐྱོབས་ལྡོག་ཅིང་འཇིགས་པའོ།། གཞན་ཡང་བཞི་སྟེ། ས་ནས་སར་འཕར་བ་ལ་བརྙས་པ་དང་། བསམ་གཏན་ལས་བཟློག་པ་ལ
290a3 མྱི་མཁས་པ་དང་། སེམས་ཅན་ལ་མྱི་ལྟ་བར་ཤེས་རབ་ཀྱིས་རྣམ་པར་དཔྱོད་པ་དང་། དམྱིགས་པ་ཅན་དུ་གྱུར་ད་ལ་ཐབས་ལ་ཁས་ཆེ་བའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས
290a4 བཞིན། བཞི་གང་ཞེ་ན། ཆོས་ཀྱི་སྒྲིབ་པ་ཀུན་ནས་ལངས་པས་དམན་པ་དང་། ལས་ཀྱི་སྒྲིབ་པ་ཀུན་ནས་ལངས་པས་དགེ་བའི་རྩ་བ་རྣམས་ལ་མྱི་བཚོན་པ་དང་། ཉོན་མོངས་པའི་སྒྲིབ་པ་ཀུན་ནས་ལངས་པས། ཕུ
290a5 པོ་གསུམ་གི་རྗེས་སུ་མྱི་འཇུག་པ་དང་། བདུད་ཀྱི་ལས་ཀུན་ནས། ཡངས་པས་བྱང་ཆུབ་ཀྱི་སེམས་བརྗེད་པ་སྟེ། གློ་གྲོས་རྒྱ་མཚོ་ཆོས་བཞི་པོ་དེ་དག་ནི་ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའོ།། བཅོམ
290a6 ལྡན་འདས་ཀྱིས་ཐེག་པ་ཆེན་པོ་སྡུད་པ་འདི་བཤད་པ་ན། ལྷ་དང་མྱིའི་སྐྱེ་དགུའི་སྲོག་ཆགས་བཞི་ཁྲི་བཞི་སྟོང་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་དོ།། བྱང་ཆུབ་སེ
290a7 དཔལ་ཉི་ཁྲི་བརྒྱད་སྟོང་གིས་ཀྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། སྟོང་གསུམ་གི་སྟོར་ཆེན་པོའི་འཇིག་རྟེན་གི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་ཏེ། སྣང་བ་ཆེན་པོས་ཀྱང་འཇིག་རྟེན་གསལ་བར་གྱུར་ཏོ།།
290a8 སྟེང་གི་བར་སྣང་ལ་འཁོར་པའི་ལྷའི་བུ་བརྒྱ་སྟོང་དག་ཀྱང་། ཨ་ལ་ལ་ཞེས་མཅོ་དང་ག་གཞའི་སྒྲ་ཕྱུར་སྟེ། མེ་ཏོག་གི་ཆར་ཡང་རབ་ཏུ་ཕབ།། སིལ་སྟན་དང་ཀླུ་དབྱངས་ཀྱང་བྱས་ཏེ། ཀྱེ་མའོ་འདི་ནི་ཆོས་ཀྱི་གཏེར་ཆེན
290a9 ཟོ་སྟེ། དེ་བཞིན་གཤེགས་པས་ཕྱེ་བ་ཐུགས་རྗེ་ཆེན་པོ་ལ་གནས་ནས། སེམས་ཅན་ཐམས་ཅད་ལ་ཡང་དག་པར་རབ་ཏུ་བསྟན་པའོ།། བཅོམ་ལྡན་འདས་དེ་ལ་ཆོས་རིན་པོ་ཆེའི་གཏེར་ཆེན་པོ་འདི་ལ། གང་གིས་ཐ་ན་ཅུངས