e-texts navigator
Collection
Volume
Page
Wylie

289b1 ཕུང་པོ་ཀུན་ཏུ་མྱི་སྲུང་བ་དང་། འཇིག་རྟེན་ཕ་རོལ་ལ་ལོག་པར་བརྗོད་པ་དང་། དགེ་བའི་རྩ་བ་རྣམས་འཇིག་པ་དང་། ཚོགས་བསཆགས་པ་རབ་ཏུ་འཇིགས་པའོ།། གཞན་ཡང་བཞི་སྟེ། རྒོད་པའི་འཁོར་དང་། ཁེངས
289b2 ཤིང་འདུས་པ་ལ་ཆགས་པ་དང་། མུ་ཆོཚོར་སྤྲ་བྲ་ལྟུང་བར་གི་ནད་ཏུ་འདའ་བ་དང་། འཚོལ་བའི་ཚིག་གིས་འཇིག་རྟེན་པའི་གསང་ཚིག་བརྗོད་པའོ།། གཞན་ཡང་བཞི་སྟེ། མྱི་བཚོན་པར་དགོན་པ་ལ་གནས
289b3 པ་དང་། ཁོང་འཁྲོ་བ་མང་ལ་འདྲེ་ཞིང་གནས་པ་དང་། དགེ་བའི་རྩ་བ་མ་བསྐྱེད་པར་བསོད་ནམས་དང་ལྡན་པར་འདུ་ཤེས་པ་དང་། བྱང་ཆུབ་སེམས་དཔའི་མྱིང་གིས་ཐོབ་པས་ཚོལ་བའོ།། གཞན་ཡང་བཞི་སྟེ། ཅར་ཤེས
289b4 མྱེད་པའི་སེམས་དང་། དམུ་རྒོད་གི་སེམས་དང་། མ་དུལ་བའི་སེམས་དང་། སེམས་ཅན་རྣམས་ལ་མྱི་སྙོམས་པའི་སེམས་སོ།། གཞན་ཡང་བཞི་སྟེ། ཚུལ་ཁྲིམས་ཀྱིས་དྲེགས་པ་དང་། མང་ཏུ་ཐོས་པས་དྲེགས་པ་དང་།
289b5 དགོན་པ་ལ་གནས་དྲེགས་པ་དང་། སྦྱངས་པའི་ཡོན་ཏན་ཡོ་བྱད་སྤུངས་པས་དྲེགས་པའོ།། །། གཞན་ཡང་བཞི་སྟེ། གས་བརྣས་པ་དང་། ཆོ་གས་བནས་པ་དང་། དགེ་བའི་རྩ་བ་ཆུང་ངུས་ལ་བརྙས་ཏེ། བྱང
289b6 ཆུབ་ཏུ་ཡོངས་སུ་མྱི་སྔོ་བ་དང་། སྐབས་སྐབས་སུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་འདོད་པའོ།། གཞན་ཡང་བཞི་སྟེ། ལུས་དེ་ལ་ཆགས་པ་དང་། སེམས་དེ་ལ་ཆགས་པ་དང་། ཚུལ
289b7 ཁྲིམས་དང་ཐོས་པ་དེ་ལ་ཆགས་པ་དང་། ཐད་པར་དུ་གྱི་འགྲོ་བའོ།། གཞན་ཡང་བཞི་སྟེ།། མཛའ་བོའི་ཁྱིམ་དང་། སྤོང་བ་སྟེར་བའི་ཁྱིམ་ཡོངས་སུ་འཛིན་པ་དང་། རྙེད་པ་དང་། བཀུར་སྟི་ཡོངས་སུ་བཙལ་བ་ཡོངས
289b8 སུ་དག་པར་བྱ་བའི་ཕྱིར་འཆལ་པའི་ཚུལ་ཁྲིམས་ཡོངས་སུ་འཛིན་པ་དང་། གནས་ཡོངས་སུ་འཛིན་པ་དང་། ཚུལ་ཁྲིམས་དང་ལྡན་པ་ལ་ཞེ་སྡང་བས་ཡང་བའི་བྱ་བས་བཅིངས་པའོ།། གཞན་ཡང་བཞི་སྟེ། བྱ་བ་མང
289b9 པ་དང་། རྙེད་པ་མ་དང་། སྦ་བ་མང་བ་དང་། བཤེས་པ་མང་བའོ།། གཞན་ཡང་བཞི་སྟེ། བདག་ལ་མངོན་པར་ཞེན་པས། བདག་ཏུ་ལྟ་བ་དང་། སེམས་ཅན་ལ་མངོན་པར་ཞེན་པས་སེམས་ཅན་ལྟ་བུ་དང་། བྱ་བ་མ་ཡཱི།




iiif viewer powered by OpenSeadragon

289a - 290a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo