e-texts navigator
Collection
Volume
Page
Wylie

289a1 མ་ཞི་བ་དང་། མ་སྦས་པ་དང་། མ་བཏུལ་བའོ།། གཞན་ཡང་བཞི་སྟེ། ཐོས་པ་ཆུང་ངུས་གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དུ་འཇུག་པ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་མྱི་གནས་པར་རྙེད་པ་དང་། བཀུར་སྟི་དང
289a2 ཚིགས་སུ་བཅད་པ་འདོད་པ་དང་། དབང་པོ་རྣམས་ཀྱི་སྒོ་མ་བསྲུངས་པར་བུད་མྱེད་ལ་ལྟ་བ་དང་། མཉམ་པར་མ་གཞག་པའི་སེམས་ཀྱིས་སེམས་ཅན་གི་དབང་པོ་ལ་འཇུག་པའོ།། གཞན་ཡང་བཞི་སྟེ། བསྡུ་བའི་དངོས
289a3 པོ་ལ་མྱི་བརྩོན་པ་དང་། སེམས་ཅན་ཡོངས་སུ་སྦྱིན་པར་བྱ་བ་ལ་གཡེལ་བ་དང་། ཆོས་སྤོང་གི་ཀུན་ཏུ་མྱི་སྲུང་བ་དང་། ཆོས་སྨྲ་བའི་གང་ཟག་རྣམས་ལ་གནོད་པ་བྱེད་པའོ།། གཞན་ཡང་བཞི་སྟེ། གཏི་མུག་གིས་འདོད་པ
289a4 ཆེ་བ་དང་། ཞེ་སྡང་གིས་སྡིག་པ་འདོད་པ་དང་། འདོད་ཆགས་ཀྱིས་ཆོག་མྱི་ཤེས་པ་དང་། ཆགས་པས་རོམས་མྱི་མྱོང་བའོ།། གཞན་ཡང་བཞི་སྟེ། མ་དད་པས་མྱི་མཐུན་པ་དང་། སྡིག་པའི་གྲོགས་དང
289a5 སྟེན་པས། སྡིག་པ་ལ་མྱི་སྤོད་པ་དང་། ལེ་ལོས་དགེ་བའི་ཆོས་ཡོངས་སུ་འགྲིབ་པ་དང་། བག་མྱེད་པས་དགེ་བའི་རྩ་བ་བྱས་པ་རབ་ཏུ་འཇིག་པའོ།། གཞན་ཡང་བཞི་སྟེ། ནང་སོ་སོར་མྱི་རྟོག་པས
289a6 ངོ་ཚ་མྱེད་པ་དང་། སངས་རྒྱས་ལ་མྱི་རྟོག་པས་ཁྲེལ་མྱེད་པ་དང་། མཚམས་མྱེད་པ་དང་མཚུངས་པས་བྱས་པ་མྱི་བཟོ་བ་དང་། རེ་བ་བྱས་ནས་མྱི་འཇིགས་པའོ།། གཞན་ཡང་བཞི་སྟེ། གནོད་སེམས་དང་ཁོར་ཁྲོ་བ་དང་། འོན
289a7 ཏུ་འཛིན་པ་དང་རྣམ་པར་འཚེ་བའོ།། གཞན་ཡང་བཞི་སྟེ། འཕགས་པ་རྣམས་ལ་སླུ་བ་དང་། འཕགས་པ་མ་ཡིན་པ་རྣམས་རྗེས་སུ་མྱི་སྤང་བ་དང་། སྦྱིན་པ་པོ་རྣམས་ལ་བརྙས་པ་དང་། སྦྱིན་གནས་རྣམས་ལ་ཁྱད་པར
289a8 དུ་གསོད་པའོ།། གཞན་ཡང་བཞི་སྟེ། ལུས་ཀྱི་ལས་ཡོངས་སུ་དག་པ་དང་། ངག་གི་ལས་ཀུན་ཏུ་མྱི་སྤང་བ་དང་། སེམས་ཀྱི་ལས་ཞུམ་པ་དང་། ཐེག་པ་ཆེན་པོ་ལ་སྒྱིད་ལུག་པའོ།། གཞན་ཡང་བཞི་སྟེ། འདུམ་པ
289a9 རྣམས་ལ་དབེན་འབྱེད་པ་དང་། སློབ་དཔོན་དང་མཁན་པོ་རྣམས་ལ་ཚིག་བརླང་བ་དང་། དགོས་པ་དོན་དུ་གཉེར་བ་རྣམས་ལ་ཚིག་ཀྱལ་བ་སྨྲ་བ་དང་། ལྷ་དང་མྱི་རྣམས་ལ་སླུ་བའོ།། གཞན་ཡང་བཞི་སྟེ། ཚུལ་ཁྲིམས




iiif viewer powered by OpenSeadragon

288b - 289b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo