e-texts navigator
Collection
Volume
Page
Wylie

288b1 དང་། ཚིགས་སུ་བཅད་པས་སྦྱིན་པའོ།། གཞན་ཡང་བཞི་སྟེ། རོར་ལྟ་བའི་སྦྱིན་པ་དང་། སྐབས་ཆུང་ཟད་ཀྱི་ཕྱིར་སྦྱིན་པ་དང་། བརྙས་ཐབས་སུ་སྦྱིན་པ་དང་། རང་གི་ལག་ནས་སྦྱིན་པ་མ་ཡིན་པའོ།། གཞན་ཡང་བཞི་སྟེ། རན
288b2 པ་སྦྱིན་པ་དང་། མྱི་གསོད་པ་སྦྱིན་པ་དང་། གུས་པར་མ་བྱས་པར་སྦྱིན་པ་དང་། མངོན་པའི་ང་རྒྱལ་གིས་སྦྱིན་པའོ།། གཞན་ཡང་བཞི་སྟེ། མཚོན་ཆ་སྦྱིན་པ་དང་། དུག་སྦྱིན་པ་དང་། རུང་བ་མ་ཡིན་པ་སྦྱིན་པ་དང་། མྱི་ཆོག་པར
288b3 སྦྱིན་པའོ།། གཞན་ཡང་བཞི་སྟེ། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་ཞེ་སྡང་བ་དང་། ཚུལ་ཁྲིམས་འཆལ་པ་རྣམས་ལ་ཀོན་པ་དང་། བ་བའི་སེམས་དང་ལྡན་པ་དང་། བདག་ཉིད་ལྷོད་པ་དང་། ཚུལ་ཁྲིམས་སྡོམ་པའི་གཏམ
288b4 ལ་གསད་པ་ལྟ་བུར་འདུ་ཤེས་པའོ།། གཞན་ཡང་བཞི་སྟེ། ཡང་བའི་རྙེད་པ་ཡོངས་སུ་ཚོལ་བ་དང་། ཆོས་ཀྱིས་རྙེད་པ་ཀུན་ཏུ་འགྱེད་པ་མྱི་བྱེད་པ་དང་། གཞན་གི་འཐོབ་པ་གཅོད་པ་དང་། རང་གི་ཐོབ་པ་ཆོ་ག་མྱི་ཤེས
288b5 པའོ།། གཞན་ཡང་བཞི་སྟེ། སྤྱོད་ལམ་གིས་ལུས་འཆོས་པ་ད། ར། ལོག་པར་སྨྲ་བས་ངག་ཚུལ་འཆོས་པ་དང་། སྡིག་འདོད་པས། སེམས་ཚུལ་འཆོས་པ་དང་། འཚོ་བ་ཡོངས་སུ་མ་དག་པས་ཐམས
288b6 ཅད་དུ་ཚུལ་འཆོས་པའོ།། གཞན་ཡང་བཞི་སྟེ། ཐེག་པ་མཚུངས་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཞེ་སྡང་བ་དང་། བདུད་ཀྱི་ལས་ཁོང་དུ་ཆུད་པས་མངོན་པའི་ང་རྒྱལ་ཅན་དང་། དེ་དག་གིས་སྔགས་པ
288b7 མ་ཡིན་པ་བརྗོད་པ་དང་། དེ་དག་གི་སྔགས་པ་དང་། ཡོན་ཏན་གྱིས་ཡིད་ཀྱི་བདེ་བར་འགྱུར་རོ།། གཞན་ཡང་བཞི་སྟེ། ང་རྒྱལ་གིས་ཁེངས་པ་ནས་ཆོས་རྣམས་ལ་རིམ་འགྲོ་མྱི་བྱེད་པ་དང་། ཆོས་སྦ་བ་རྣམས་ལ་མྱི་གུས་པ་དང་།།
288b8 ཕ་མ་དང་སློབ་དཔོན་དང་མཁན་པོ་རྣམས་ལ་མྱི་འདུད་པ་དང་། ལུས་དང་སེམས་གྲུབ་པས། རྟག་པར་རྒྱུན་ཏུ་མྱི་མཐུན་པར་གནས་པའོ།། གཞན་ཡང་བཞི་སྟེ། བདག་གི་ཡོན་ཏན་བརྗོད་པ་དང་། གཞན་གི་ཡོན་ཏན་ལོག་པ།
288b9 བརྗོད་པ་དང་། ངའོ་སྙམ་པའི་ང་རྒྱལ་འབར་བ་དང་ཁྲོ་བ་བརྟན་པའོ།། གཞན་ཡང་བཞི་སྟེ། ལེ་ལོ་དང་སྙོམས་ལས་དང་། བཀའ་བློ་མྱ་བདེ་བ་དང་། འཐུན་པར་མྱི་འཛིན་པའོ།། གཞན་ཡང་བཞི་སྟེ། མ་ཏུལ་བ་དང་།




iiif viewer powered by OpenSeadragon

288a - 289a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo