e-texts navigator
Collection
Volume
Page
Wylie

288a1 ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་རབ་ཏུ་ལྡན་པར་སེམས་ཅན་ཡོངས་སུ་སྦྱིན་པར་བྱེད་པ་དང་། བརྩོན་འགྲུས་དང་། བག་ཡོད་པ་དང་། རབ་ཏུ་ལྡན་པའི་དམ་པའི་ཆོས་ཡོངས་སུ་འཛིན་པ་སྟེ། བློ་གྲོས་རྒྱ་མཚོ་ཆོས་གསུཾ།
288a2 པོ་དེ་དག་ནི་ཐེག་པ་ཆེན་པོ་རྟོན་པར་འགྱུར་བའོ།། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ།། ། བམ་པོ་བདུན་པ།།
288a3 བློ་གྲོས་རྒྱ་མཚོ་གཞན་ཡང་ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་སྟེ། བཞི་གང་ཞེ་ན། ཉེས་པར་ཐོས་པ་ཉན་པ་སྟེ། འདི་ལྟར་འཇིག་རྟེན་རྐྱང་ཕན་པའི་གསང་ཚིག་ཡོངས་སུ་ཚོལ་བ་དང་། ཕ་རོལ་ཏུ་ཕྱི་ནད་པ
288a4 དྲུག་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་རྣམ་གྲངས་མྱི་ཉན་པ་དང་།། བདུད་ཀྱི་ལས་ཀུན་ནས་ལངས་པས་མངོན་པའི་ང་རྒྱལ་བྱེད་པ་དང་། ཆོས་ཀྱི་སྒྲུབ་པ་ཀུན་ནས་ལངས་ནས་ཆོས་སྤོང་བ་སྟེ། བློ་གྲོས་རྒྱ་མཚོ་ཆོས
288a5 བཞི་པོ་དེ་དག་ནི་ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའོ།། གཞན་ཡང་བཞི་སྟེ། ཆགས་པ་དང་། ཞེ་སྡང་དང་། གཏི་མུག་དང་ཉོན་མོ།། རས་པས་རྒྱས་ནས་ཆོས་ཀྱི་ཡོན་ཏན་དོན་དུ་མྱི་གཉེར་བའོ།། ག
288a6 ཡང་བཞི་སྟེ། ཕ་རོལ་ཀྱི་རྙེད་པ་རྣམས་ལ་ཕྲག་དོག་བྱེད་པ་དང་། ཆོས་སྟོནད་པ་རྣམས་ལ་གཡོས་བསྟེན་པ་དང་། གཟིངས་པའི་བློས་རྒྱུས་ཉེ་བར་གྱོད་པ་དང་། སླུ་བས་སེམས་མྱི་བརྟན་པའོ།། གཞན་ཡང་བཞི
288a7 སྟེ། དགེ་བའི་བཤེས་གཉེན་ལ་སྡིག་པའི་གྲོགས་པོར་འདུ་ཤེས་པ་དང་། སྡིག་པའི་གྲོགས་པོ་ལ་དགེ་བའི་བཤེས་གཉེན་དུ་འདུ་ཤེས་པ་དང་། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་དང་། ཆོས་ལ་ཆོས་མ་ཡིན་པར་འདུ
288a8 ཤེས་པའོ།། གཞན་ཡང་བཞི་སྟེ། སེར་སྣའི་དྲི་མ་ཅན་གི་སེམས་དང་། སློང་བ་རྣམས་ལ་གནོད་པ་དང་། ཟ་བ་ཅན་གི་སེམས་དང་། བྱིན་ནས་འགྱོད་པའི་སེམས་དང་། ཐམས་ཅད་མཁྱེན་པའི་སེམས་ལ་མྱི་འཕྲོགས་སོ།
288a9 གཞན་ཡང་བཞི་སྟེ། འདུན་པས་སྦྱིན་པ་དང་། ཞེ་སྡང་གིས་སྦྱིན་པ་དང་། གཏི་མུག་གིས་སྦྱིན་པ་དང་། འཇིགས་པས་སྦྱིན་པའོ།། གཞན་ཡང་བཞི་སྟེ། བརྗོད་པས་སྦྱིན་པ་དང་། གྲགས་པས་སྦྱིན་པ་དང་། སྦས་སྦྱིན་པ




iiif viewer powered by OpenSeadragon

287b - 288b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo