e-texts navigator
Collection
Volume
Page
Wylie

287b1 གཞན་ཡང་གསུམ་སྟེ། མཉམ་པ་ཉིད་པས་སེམས་ཅན་མཉམ་པ་ཉིད་དང་། བ་དད་པ་བྱེད་པས་ཆོས་མཉམ་པ་ཉིད་དང་། ཡེ་གེས་མཉམ་པ་ཉིད་བསྡུ། སངས་རྒྱས་མཉམ་པ་ཉིད་དོ།། གཞན་ཡང་གསུམ་སྟེ། ཡེ་གེ
287b2 ཀྱི་དུས་མཉམ་པ་ཉིད་དང་། བློས་རྣམ་པར་ཐ་རད་པ་གསུམ་མཉམ་པ་ཉིད་དང་། ཡོངས་སུ་ཤེས་པས་ཁམས་གསུམ་མཉམ་པ་ཉིད་དོ།། གཞན་ཡང་གསུམ་སྟེ། འདུ་བྱེད་ཐམས་ཅད་ལ་མྱི་རྟག་པ་དང་། སྡུག་བསྔལ་བར་སོ་སོར
287b3 རྟོག་པ་དང་། ཆོས་ཐམས་ཅད་ལ་བདག་མྱེད་པར་སོ་སོར་རྟོག་པ་དང་། མྱ་ངན་ལས་འདས་པ་ལ་ཞི་བར་རྟོག་པའོ།། གཞན་ཡང་གསུམ་སྟེ། ཉམས་འོག་ཏུ་ཆུད་པར་བྱེད་པས་དམ་བཅས་པའི་སྙིང་པོ་ཉིད་དང་། ནན་ཏན་བྱེད།
287b4 པས་བོས་པ་སྙིང་པོ་ཉིད་དང་། ཤེས་རབ་ཀྱི་ཏིང་ངེ་འཛིན་སྙིང་པོ་ཉིད་དོ།། གཞན་ཡང་གསུམ་སྟེ། ལྟུང་བ་མྱི་འཆབ་པ་དང་། སྡིག་པ་རྣམ་པར་འབྱེད་པ་ཕྱིན་ཅད་སྡོམ་པར་བྱེད་པའོ།། གཞན་ཡང་གསུམ་སྟེ།
287b5 འགྱོད་པ་དང་བྲལ་བ་དང་། ཀུན་ནས་ལྡང་བ་དང་བྲལ་བ་དང་། ཐེ་ཙོ། མ་དང་བྲལ་བའོ།། གཞན་ཡང་གསུམ་སྟེ། དགོན་པ་ལ་གནས་པ་དང་། རབ་ཏུ་དབེན་པ་ལ་དགའ་བ་དང་། དགེ་བའི་ཆོས་འདོད་པ
287b6 གཞན་ཡང་གསུམ་སྟེ། ཟབ་མོའི་ཆོས་ལ་བཟོད་པ་དང་། ཆོས་སྣ་ཆོག་ས་སྟོན་པ་དང་། སྤོབས་པ་ཀུན་ཏུ་འགྲོ་འོ།། གཞན་ཡང་གསུམ་སྟེ། ཟོས་པ་རྣམ་པར་ངེས་པའི་གཟུངས་དང་། སངས་རྒྱས་ཀྱིས་བྱིན་གྱི།
287b7 རླབས་པའི་སྟོཟས་པ་དང་། ལུས་ཡོངས་སུ་བཟུང་བཱི་ཀྱི་གཏམ་མོ།། གཞན་ཡང་གསུམ་སྟེ། ས་ལྟ་བུའི་སེམས་དང་པོ་བསྐྱེད་པ་དང་། གྱོད་པ་ཐམས་ཅད་ཉམས་འོག་ཏུ་ཆུད་པར་བྱེད་པའི་དཔྱོད་པ་དང་། འབྲེལ
287b8 པ་དང་། འདུ་ཤེས་ཐམས་ཅད་ལོག་པའི་ཕྱིར་གྱི་ལྡོག་པའི་སའོ།། གཞན་ཡང་གསུམ་སྟེ། སྒྲའི་རྗེས་སུ་འགྲོ་བའི་བཟོད་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། བསམ་པ་ལས་འབྱུང་བའི་བཟོད་པ་འཕྲོ་བ་མྱེད་པ་དང་།
287b9 མྱི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་པའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་ཐེག་པ་ཆེན་པོ་རྟོན་པར་འགྱུར་བའི་ཆོས་གསུམ་སྟེ། གསུམ་གང་ཞེ་ན། ཐབས་དང་ཤེས་རབ་དང་རབ་ཏུ་ལྡན་པའི་ལམ་བསྒོམ་པ་དང་། བྱམས་པ




iiif viewer powered by OpenSeadragon

287a - 288a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo